འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོའི་ཟ་ཁང་ལེགས་གྲས་1000གི་བང་རིམ་ཁྱབ་བསྒྲགས་བྱས་པ། 

    ཀྲུང་གོ་བང་རིམ་གྱི་ཨང་གཉིས་པར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་07ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་4ཉིན། ཧྥ་རན་སེའི་LA LISTEརྒྱལ་སྤྱིའི་ཞིམ་ཟས་ཀྱི་2018ལོའི་བང་རིམ་གྱི་སྐབས་གསུམ་པའི་མིང་བྱང་ཁྱབ་བསྒྲགས་མཛད་སྒོ་ཕ་རི་སིར་གནས་པའི་ཧྥ་རན་སེའི་ཕྱི་འབྲེལ་པུར་འཚོགས་ཤིང་། དཔྱད་འདེམས་བྱས་པའི་གོ་ལ་ཧྲིལ་པོའི་ཟ་ཁང་ལེགས་གྲས་1000ནང་ཀྲུང་གོའི་ཟ་ཁང་123(ཤང་ཀང་དང་། ཐའེ་དབན། ཨའོ་མོན་བཅས་ཡོད་པ)ཚུད་ནས་ཧྥ་རན་སེའི་ཟ་ཁང་118ལས་བརྒལ་ཏེ་བང་རིམ་གྱི་ཨང་གཉིས་པར་སླེབས་ཡོད།
         LA LISTEརྒྱལ་སྤྱིའི་ཞིམ་ཟས་བང་རིམ་དེ་2015ལོར་ཧྥ་རན་སེ་བས་ཐོག་མར་བཏོད་པ་དང་དེའི་ནང་རྒྱལ་ཁབ་165ཡི་ཕུལ་བྱུང་ཞིམ་ཟས་ས་གནས་16000བསྡུས་པ་མ་ཟད། ཆེད་ལས་ཞིམ་ཟས་ཕྱོགས་སྟོན་དང་དམངས་ཚོགས་500ལྷག་ཙམ་གྱིས་དྲ་ཐོག་ནས་དཔྱད་བརྗོད་བྱས་པ་དང་སྐར་གྲངས་མདུན་གྲལ་དུ་སླེབས་པའི་ཟ་ཁང་1000ལོ་འཁོར་རྗེས་མའི་གོ་ལ་ཧྲིལ་པོའི་ཞིམ་ཟས་བང་རིམ་ནང་འཇུག་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།