འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དྲ་ཐོག་བདལ་གཏོང་རླངས་འཁོར་ཁ་ཆད་ཁེ་ལས་ཀྱིས་ས་གནས་དེ་གའི་གཉེར་སྟངས་
    སྤྱད་དེ་ལ་ཏིང་མེ་གླིང་ཁྲོམ་ར་རྒྱ་སྐྱེད་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་07ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་2ཉིན་ཀྲུང་གོའི་དྲ་ཐོག་བདལ་གཏོང་རླངས་འཁོར་ཁ་ཆད་ཁེ་ལས་ཏི་ཏི་ཕྱིར་སྐྱོད་ཀུང་སིའི་ཙུང་ཚའེ་གཞོན་པ་ཀུའུ་ཐའོ་སྐབས་བཅུ་གཅིག་པའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཁེ་ལས་མཁས་ཅན་དབུ་ཚོགས་ནང་ཞུགས་རིང་གསར་འགོད་པར་ཀྲུང་གོ“མཉམ་སྤྱོད་དཔལ་འབྱོར”གྱི་ཁྱབ་ཁོངས་ནང་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། ཏི་ཏི་ཕྱིར་སྐྱོད་ཀྱིས་ཀྲུང་གོའི“མཉམ་སྤྱོད་དཔལ་འབྱོར”དང“དྲ་སྦྲེལ་དཔལ་འབྱོར”གྱི་ཕན་པ་ལ་ཏིང་མེ་གླིང་དུ་མཉམ་སྤྱོད་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།
         ཀུའུ་ཐའོ་ཡིས་བལྟས་ན། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དམ་ཡང་ན་ལས་སྒོའི་རྣམ་པ་གང་ཡིན་རུང་། ལ་ཏིང་མེ་གླིང་གི་ཁྲོམ་ར་དང་ཀྲུང་གོའི་དབར་ཕན་ཚུན་འདྲ་བའི་ཆ་མང་པོ་ཡོད་པ་དཔེར་ན། ཚང་མ་དྲ་སྦྲེལ་སྟོབས་ཆེན་རྒྱལ་ཁབ་ཡིན་པ་དང་། མི་འབོར་མང་བ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་ལྡན་པ། གྲངས་གཞིའི་དཔལ་འབྱོར་ལ་རྒྱུན་ཆད་མེད་པར་གསོན་ཤུགས་ལྡན་པ་བཅས་རེད།
         མགྱོགས་ལ་མྱུར་བའི་སྒུལ་བདེའི་དྲ་སྦྲེལ་འཕར་ཚད་ཀྱིས་ལ་ཏིང་མེ་གླིང་དེ་རྒྱལ་སྤྱིའི་དྲ་སྦྲེལ་ཁེ་ལས་མང་དག་ཅིག་གི་ཁྲོམ་ར་རྒྱ་སྐྱེད་གཏོང་ས་རྗེས་མར་གྱུར་ཡོད། གོ་ལ་ཧྲིལ་པོའི་སྒུལ་བདེའི་འཕྲིན་གཏོང་མཐུན་ཚོགས་ཀྱིས་སྔོན་རྩིས་བྱས་ན། 2020ལོར་སླེབས་སྐབས། ལ་ཏིང་མེ་གླིང་དུ་དྲ་སྦྲེལ་སྤྱོད་མཁན་50%མང་དུ་ཕྱིན་ནས་དྲ་སྦྲེལ་སྤྱོད་མཁན་དུང་ཕྱུར་1.5གསར་དུ་འཕར་རྒྱུ་དང་དྲ་སྦྲེལ་སྤྱོད་མཁན་ཁྱོན་བསྡོམས་དུང་ཕྱུར་4.5བར་མང་དུ་འགྲོ་རྒྱུ་ཡིན་པ་རེད།
         ཀུའུ་ཐའོ་ཡིས་ཏི་ཏི་དང་ས་གནས་དེ་གའི་མཉམ་ལས་རོགས་ཟླས་སྲོལ་རྒྱུན་གྱི་བདལ་གཏོང་རླངས་འཁོར་ལས་རིགས་གསར་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་རིག་ལྡན་འགྲིམ་འགྲུལ་ནང་མཉམ་ལས་མང་པོ་བྱ་རྒྱུ་སྟེ། དཔེར་ན། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བར་ལས་སྟེགས་དང་སྦྲེལ་མཐུད་བྱེད་རོགས་བྱས་ནས་ཁོང་ཚོའི་ཡོང་འབབ་མང་དུ་གཏོང་རྒྱུ་དང་། གཞན་ཡང་ཏི་ཏི་ཀུང་སིས་རྒྱལ་ནང་དུ་སྤྱོད་མང་བའི“རིག་ལྡན་གློག་དམར་པོ་དང་ལྗང་ཁུ”སོགས་ཀྱི་ལག་རྩལ་པར་ཙིར་དུ་སྤྱད་དེ་པར་ཙིར་གྱི་འགྲིམ་འགྲུལ་འགག་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་འདོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།