འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲེང་ཅང་ཉེན་རྟོགས་ཕྱོགས་ཀྱིས་ཁྲིམས་འགལ་ངང་མེ་མདའ་སྐྱེལ་འདྲེན་བྱས་པའི་གྱོད་གཞི་
    ཚབས་ཆེ་བ་ཞིག་རྩད་ཆོད་ནས་དོགས་གཞི་ཡོད་པའི་མི་180ལྷག་འཛིན་བཟུང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་07ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲེང་ཅང་ཉེན་རྟོགས་ཕྱོགས་ཀྱིས་ཁྲིམས་འགལ་ངང་མེ་མདའ་སྐྱེལ་འདྲེན་བྱས་པའི་གྱོད་གཞི་
ཚབས་ཆེ་བ་ཞིག་རྩད་ཆོད་ནས་དོགས་གཞི་ཡོད་པའི་མི་180ལྷག་འཛིན་བཟུང་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་6ཉིན། གསར་འགོད་པས་ཧྲང་ཧའེ་ལྕགས་ལམ་སྤྱི་བདེ་ཅུས་ཧང་ཀྲོའུ་སྤྱི་བདེ་ཁང་ནས་ཤེས་རྟོགས་བྱུང་གསལ། སྤྱི་བདེ་ཁང་དེས་ཞིང་ཆེན་(གྲོང་ཁྱེར)དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་སོགས་25དང་འབྲེལ་བའི་ཁྲིམས་འགལ་ངང་མེ་མདའ་སྐྱེལ་འདྲེན་བྱས་པའི་གྱོད་གཞི་ཚབས་ཧ་ཅང་ཆེ་བ་ཞིག་ལེགས་འགྲུབ་ངང་རྩད་ཆོད་ནས་ཁྱོན་བསྡོམས་མེ་མདའ་ལྐོག་འཚོང་བྱེད་མཁན་གཙོ་བོ་9དང་། དོགས་ཡོད་མི་སྣ་གཞན་དག་174འཛིན་བཟུང་བྱས་པ་དང་།  འདྲ་བཟོས་མེ་མདའ་ཆ་ཚང་བ་145དང་།  ཤུར་མདའ་6 ལྡེམ་ཤུགས་མེ་མདའ་1 སྒྲིག་སྦྱོར་བྱས་མེད་པའི་མེ་མདའི་ལྷུ་ལག་ཆེ་ཆུང་369 ཞ་མདེལ་ཁྲི་1.3ལྷག་བཅས་རྩིས་ལེན་བྱས་པ་རེད།
    【1】  【2】  【3】  【4】
    ༄༅།།ཀྲེང་ཅང་ཉེན་རྟོགས་ཕྱོགས་ཀྱིས་ཁྲིམས་འགལ་ངང་མེ་མདའ་སྐྱེལ་འདྲེན་བྱས་པའི་གྱོད་གཞི་
ཚབས་ཆེ་བ་ཞིག་རྩད་ཆོད་ནས་དོགས་གཞི་ཡོད་པའི་མི་180ལྷག་འཛིན་བཟུང་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།