འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།>>རྒྱལ་སྤྱིའི་གསར་འགྱུར།

    ༄༅།།ཕུའུ་ཅིང་གིས་2018ལོའི་ཨུ་རུ་སུའི་ཙུང་ཐུང་འདེམས་བསྐོ་ཆེན་མོར་ཞུགས་རྒྱུའི་ཁྱབ་
    བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་07ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཕུའུ་ཅིང་གིས་2018ལོའི་ཨུ་རུ་སུའི་ཙུང་ཐུང་འདེམས་བསྐོ་ཆེན་མོར་ཞུགས་རྒྱུའི་ཁྱབ་
བསྒྲགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཨུ་རུ་སུའི་ད་ལྟའི་ཙུང་ཐུང་ཕུའུ་ཅིང་གིས་མོ་སི་ཁོའི་དུས་ཚོད་ཟླ་12ཚེས་6ཉིན་ཀའོ་ཨེར་ཅི་རླངས་འཁོར་བཟོ་གྲྭའི་བཟོ་པ་དང་ཐུག་འཕྲད་བྱེད་དུས་ཁོང་ཉིད་2018ལོའི་ཨུ་རུ་སུའི་ཙུང་ཐུང་འདེམས་བསྐོ་ཆེན་མོར་ཞུགས་རྒྱུ་ཡིན་ཚུལ་བསྟན་པ་རེད།
         སང་ལོའི་ཙུང་ཐུང་འདེམས་བསྐོ་ཆེན་མོ་ཁྱབ་བསྒྲགས་བྱས་རྗེས་སུ། ཕུའུ་ཅིང་གིས། ག་དུས་ཡིན་ཡང་འདི་ནི་མི་ཞིག་གི་ངོས་ནས་བཤད་ན་གལ་ཆེ་བའི་ཆོད་དོན་ཞིག་ཡིན་ཏེ། རྒྱུ་མཚན་ནི་དོན་འདི་འདྲ་ཐག་གཅོད་པའི་ཀུན་སློང་ནི་ང་ཚོའི་རྒྱལ་ཁབ་ཀྱི་མང་ཚོགས་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་རེ་དང་། རྒྱལ་ཁབ་སྔར་ལས་སྟོབས་ཆེ་ཞིང་། འགོག་སྲུང་གི་ནུས་པ་ཆ་ཚང་བ། མ་འོངས་པའི་དམིགས་ཡུལ་སྔར་ལས་ཁ་གསལ་ཡོང་བ་བྱ་རྒྱུ་འདི་ཡིན་པ་དང་། ད་དུང་དམིགས་ཡུལ་འདི་ཚོ་འགྲུབ་པར་ངེས་པར་དུ་ཆ་རྐྱེན་ཞིག་ཡོད་པ་དེ་ནི་མི་དམངས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་རེད་ཅེས་བསྟན་པ་རེད། 
         ཕུའུ་ཅིང་ནི་2000ལོའི་ཟླ་3པ་ནས་ཨུ་རུ་སུའི་ཙུང་ཐུང་གི་འགན་བཞེས་པ་དང་། 2004ལོར་སླར་བདམས་ཐོན་བྱུང་ཤིང་། 2008ལོ་ནས་2012ལོའི་བར་ཨུ་རུ་སུའི་ཙུང་ལིའི་འགན་འཁུར་ཞིང་། 2012ལོར་སླར་ཨུ་རུ་སུའི་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་གྱུར་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།