འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་རེའི་ཟླ་12པའི་རེ་གཟའ་དང་པོ་ནི་ཐོན་སྐྱེད་བདེ་འཇགས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་
    གཟའ་འཁོར་དུ་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་06ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་ཐོན་སྐྱེད་བདེ་འཇགས་སྤྱི་ཁྱབ་ཅུད་ནས་ཤེས་རྟོགས་བྱུང་གསལ་དུ། ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐོན་སྐྱེད་བདེ་འཇགས་ཨུ་ལྷན་གྱིས་བརྡ་སྦྱོར་སྤེལ་ཏེ་ད་ལོ་ནས་བཟུང་། ལོ་རེའི་ཟླ་12པའི་རེ་གཟའ་དང་པོ་དེ་ཐོན་སྐྱེད་བདེ་འཇགས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་གཟའ་འཁོར་དུ་གཏན་འཁེལ་བྱས་ཏེ་ས་གནས་ཁག་གིས་ཕྱོགས་བསྡུས་ངང་ཐོན་སྐྱེད་བདེ་འཇགས་ཀྱི་ཁྲིམས་ལུགས་ཉེན་བརྡའི་སློབ་གསོའི་བྱེད་སྒོ་སྤེལ་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དར་ཁྱབ་ཀྱི་དྲིལ་བསྒྲགས་ཤུགས་ཆེན་བྱ་རྒྱུ་ཡིན་པ་རེད།
         2014ལོའི་ཟླ་12ཚེས་1ཉིན། གསར་དུ་བཟོས་པའི་ཐོན་སྐྱེད་བདེ་འཇགས་ཁྲིམས་ལུགས་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ལ། ཐོན་སྐྱེད་བདེ་འཇགས་ལྟ་ཞིབ་ལམ་ལུགས་དང་། ཐོན་སྐྱེད་བདེ་འཇགས་འགན་ཁུར། སྲིད་འཛིན་ཆད་གཅོད་སོགས་ཀྱི་ཕྱོགས་ནས་ཚད་ལྡན་དུ་བཏང་བ་རེད། རྒྱལ་ཁབ་ཐོན་སྐྱེད་བདེ་འཇགས་སྤྱི་ཁྱབ་ཅུད་ཀྱི་འགོ་འཛིན་གཞོན་པ་ལི་ཀྲའོ་ཆན་གྱིས"གཏན་འབེབས་འདི་དག་ལོ་གསུམ་རིང་ལག་བསྟར་བྱས་རྗེས། ལག་བསྟར་བྱེད་ཤུགས་མི་འདང་བ་དང་། ལག་བསྟར་གྱི་གྲུབ་འབྲས་མི་གསལ་བ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད་པས། ཁེ་ལས་དང་ལྟ་སྐུལ་སྡེ་ཁག་གིས་ནང་དོན་བཟོ་བཅོས་བརྒྱབ་པ་མི་ཤེས་པ་དང་། མ་གོ་བ། ལག་བསྟར་མི་བྱེད་པ་རེད"ཅེས་བརྗོད་ལ། ཁོང་གིས་དྲིལ་བསྒྲགས་གཟའ་འཁོར་འདིར་བརྟེན་ནས་ཁྲིམས་ལུགས་ལག་བསྟར་ཚ་ནན་དང་འགན་ཁུར་བདའ་འདེད་ཚ་ནན་སོགས་ཀྱི་བྱ་ཐབས་དང་ཐབས་མང་མཉམ་བཀོལ་ལ་བརྟེན་ནས་ཁྲིམས་མཐུན་ལྟར་ཐོན་སྐྱེད་བདེ་འཇགས་བཅོས་སྐྱོང་བྱེད་པ་དང་ཐོན་སྐྱེད་བདེ་འཇགས་ཀྱི་བྱ་གཞག་སྐས་རིམ་པ་གསར་པ་ཞིག་ཏུ་འཕར་བར་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།