འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཡེ་མེན་ཧུའུ་སའེ་དྲག་ཆས་ཏེ་ས་ལི་ཧོ་མནའ་མཐུན་ནང་ཁུལ་བར་ལ་རྒྱལ་སའི་གཞུང་ཚབ་
    ཁང་ཁུལ་དུ་དམག་འཐབ་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་04ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་3ཉིན། ས་ནཱ་ནས་གནས་འཕྲིན་སྤེལ་བ་ལྟར་ན། ཡེ་མེན་ཧུའུ་སའེ་དྲག་ཆས་དང་ཙུང་ཐུང་ཟུར་པ་ས་ལི་ཧོ་ལ་རྒྱབ་སྐྱོར་བྱེད་མཁན་དམག་དཔུང་བར་རྒྱལ་ས་ས་ནཱའི་གཞུང་ཚབ་ཁང་གི་ཁུལ་དུ་དམག་འཐབ་དྲག་པོ་ལངས་པ་རེད། གནས་འཕྲིན་འགའ་ཞིག་ཏུ། དམག་འཐབ་དེའི་ནང་མི་བརྒྱ་གྲངས་གྲོངས་པ་དང་། ཡེ་མེན་དུ་བཅའ་སྡོད་བྱས་པའི་དབྱི་རན་གཞུང་ཚབ་ཁང་ཆེན་མོར་དམག་འཐབ་ཀྱི་འཇབ་རྒོལ་བྱུང་ཚུལ་གླེང་ཡོད་པ་རེད། 
         ཧུའུ་སའེ་དྲག་ཆས་ཕྱོགས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཕྱོགས་གཉིས་པོ་གཞུང་ཚབ་ཁང་ཁུལ་དུ་དམག་འཐབ་བྱས་པས། ཁྲོམ་ལམ་དུ་གར་སར་མི་རོ་མཐོང་རྒྱུ་ཡོད་པས། རགས་བརྩིས་བརྒྱབ་ན་མི་གྲངས་100ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། རྨས་སྐྱོན་ཕོག་པ་དེ་བས་མང་པོ་ཡོད་ལུགས་བཤད་གླེང་བྱུང་། 
         ཡེ་མོན་བདེ་འཇགས་སྡེ་ཁག་གི་མི་སྣས་གསར་འགོད་པར། ཡེ་མེན་བཅའ་སྡོད་དབྱི་རན་གཞུང་ཚབ་ཁང་ལ་དམག་འཐབ་ཀྱི་འཇབ་རྒོལ་བྱུང་བ་དང་། དབྱི་རན་གཞུང་ཚབ་མི་སྣ་20ཙམ་ཐོག་ཁང་ནང་ལུས་ཡོད་པ་རེད་ཟེར།
         ཟླ་12ཚེས་2ཉིན། ཕྱོགས་གཉིས་པོའི་དམག་འཐབ་ཇེ་དྲག་ཏུ་ཕྱིན་པ་དང་། ས་ལི་ཧོ་ཡིས་དམག་དཔུང་དང་མང་ཚོགས་ལ་ཧུའུ་སའེ་ཡི་དྲག་ཆས་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བྱས། ས་ལི་ཧོ་ཡི་ལང་ཕྱོགས་གསར་པར་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དང་སོ་ཏི་ཨ་རབ་ཏུ་ཉེན་གཡོལ་བཞིན་པའི་ཧ་ཏིའི་རྒྱབ་སྐྱོར་ཐོབ་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།