འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།པདྨ་དབྱངས་ཅན་གྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཐའ་མཚམས་ག་ས་གར་
    སྒྲོག་སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་30ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། པེ་ཅིང་དུ་ཚོགས་ཆེན་ལ་ཞུགས་ནས་ཕྱིར་ཤང་དུ་ལོག་རྗེས། པདྨ་དབྱངས་ཅན་མཚམས་འཇོག་མེད་པར་ཇ་ཤིང་ར་བ་དང་སོ་ལྟ་ཁང་ལ་ཕྱིན་ཞིང་། གྲོང་ཚོར་བསྐྱོད་དེ་ཉེ་དྲུང་གི་ལས་བྱེད་པ་དང་མང་ཚོགས་ལ་བསམ་པའི་འཚོ་བཅུད་ཕུན་སུམ་ཚོགས་པོ་སྤྲད་པ་རེད།
         གྲོང་མི་ཚོས་ཤང་ནང་གི་ཇ་ཤིང་ར་བར་སྒྲོག་འགྲེལ་བྱེད་བཞིན་པའི་པདྨ་དབྱངས་ཅན་གྱི་མཐའ་ནས་བསྐོར་ཞིང་། ཚང་མས་འཚང་ཁ་ཤིག་ཤིག་ངང་རང་ཉིད་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་དྲིས་པ་སྟེ། མག་མང་གྲོང་ཚོའི་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚེ་རིང་གིས་རེ་སྒུག་ཆེན་པོ་བྱེད་པའི་སྒོ་ནས“གྲོང་གསེབ་འཕེལ་རྒྱས་གཏོང་བའི་ཐད་ཀྲུང་དབྱང་ལ་དགོངས་དོན་གསར་པ་ཡོད་དམ་དམ”ཅེས་དྲིས་པ་རེད།
         པདྨ་དབྱངས་ཅན་གྱིས“ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དུ་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་ལེན་བསྟར་དོན་བཏོན་པ་དང་། གྲོང་གསེབ་ཀྱི་ཐུན་མོང་རྒྱུ་ནོར་བདག་དབང་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ་ཞིང་པའི་རྒྱུ་ནོར་ཁེ་དབང་འགན་སྲུང་བྱེད་པ་དང་། ཐུན་མོང་དཔལ་འབྱོར་རྒྱ་སྐྱེད་གཏོང་བའི་བླང་བྱ་བཏོན་པས། ཁྱེད་རང་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡིན་པར་བརྟེན་ད་བྲེལ་བ་ཆེན་པོ་ཡོད་ངེས་རེད”ཅེས་བརྗོད་པ་རེད། 
         པདྨ་དབྱངས་ཅན་གྱིས“ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག་དང་གསོ་རིག་ཀུན་ལ་མཁས་པའི་སྨན་པ་རུ་ཁག་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ཞེས་བཏོན་པས། རྗེས་སོར་ང་ཚོ་སྨན་པ་བསྟེན་པར་དེ་བས་སྟབས་བདེ་པོ་ཡོང་བ་མ་ཟད། སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཀྱང་སྔར་ལས་ལེགས་པོ་བྱེད་ཐུབ་རྒྱུ་རེད”ཅེས་བརྗོད་པ་རེད།
         "ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་མི་དམངས་ཀྱིས་ཁས་ལེན་པ་དང་། ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པར་བྱེད་རྒྱུ་དང་། འབྱོར་འབྲིང་སྤྱི་ཚོགས་བཙུགས་རྗེས་ཏང་ཡོངས་ཀྱིས་ད་དུང་དུས་རིམ་གཉིས་སུ་བགོས་ནས་མུ་མཐུད་འབད་འཐབ་བྱས་ཏེ་རང་རྒྱལ་འདི་ཉིད་སྟོབས་འབྱོར་ལྡན་ཞིང་དམངས་གཙོ་དར་བ་དང་། ཤེས་དཔལ་རྒྱས་ལ་འཆམ་ཞིང་མཐུན་པ། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཞིག་བསྐྲུན་རྒྱུ་ཡིན་པས། མ་འོངས་པའི་འཚོ་བ་ནི་ཉིན་རེ་ལས་ཉིན་རེར་ལེགས་སུ་འགྲོ་ངེས་ཡིན་ཞེས་བཏོན་པ་རེད”
      

    ཕྱོགས་བསྡུས་གསར་འགྱུར།