འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་གཞིའི་ལས་གྲྭ་གཙོ་བོ་ལེགས་འགྲུབ་
    བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་29ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་དུམ་གྱི་ལམ་གཞིའི་ལས་གྲྭ་གཙོ་བོ་ལེགས་འགྲུབ་བྱས་པ་རེད། ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་དུམ་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནས་འགོ་བཙུགས་ཏེ་གོང་དཀར་དང་། གྲ་ནང། རྩེད་ཐང་། ཟངས་རི། རྒྱ་ཚ། སྣང་རྫོང་། སྨན་གླིང་བཅས་བརྒྱུད་ནས་ཉིང་ཁྲི་གྲོང་ཁྱེར་བར་ཡིན་ཞིང་། གསར་དུ་སྐྲུན་པའི་མ་ལམ་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་402ཡོད་པ་དང་། ལྕགས་ལམ་ཡོངས་སུ་འཕྲེང་འགོ་དང་གོང་དཀར། གྲ་ནང་། རྩེད་ཐང་། ཉིང་ཁྲི་སོགས་རླངས་འཁོར་འབབ་ཚུགས་ཁྱོན་བསྡོམས་34བཙུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།