འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཁོ་རེ་ཡའི་དམག་ཕྱོགས་ཀྱིས་བྱང་ཁོ་རེ་ཡས་མདེལ་ལམ་མེ་ཤུགས་འཕུར་མདེལ་ཞིག་ཚོད་
    ལྟ་འཕེན་གཏོང་བྱས་སོང་ཟེར། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་29ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་29ཉིན་ཕྱོགས་བསྡུས་ཞིན་ཧྭ་གསར་འགྱུར་ཁང་གི་ཧྲོའུ་ཨེར་བཅའ་སྡོད་བྱས་པའི་ཝ་ཧྲིང་ཐོན་གྱི་གསར་འགོད་པས་གནས་འཕྲིན་སྤེལ་བར་གཞིགས་ན། ལྷོ་ཁོ་རེ་ཡའི་དམག་ཕྱོགས་ཀྱིས་བྱང་ཁོ་རེ་ཡས་ཉིན་དེའི་ཐོ་རེངས་ལ་ཁོ་རེ་ཡ་ཕྱེད་གླིང་གི་ཤར་རྒྱུད་མཚོ་ཁོངས་སུ་མདེལ་ལམ་མེ་ཤུགས་འཕུར་མདེལ་ཞིག་འཕེན་གཏོང་བྱས་སོང་ཞེས་བཤད་ཡོད་པ་རེད། 
          ལྷོ་ཁོ་རེ་ཡའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ལྷོ་ཁོ་རེ་ཡའི་དམག་ཕྱོགས་ཀྱི་མཉམ་འབྲེལ་དྲག་ཇུས་པའི་གནས་ཚུལ་ལུང་དུ་དྲངས་ཏེ། ཉིན་དེའི་ཐོ་རེངས་ཀྱི་ཆུ་ཚོད་3དང་སྐར་མ་17ཡས་མས་ལ་བྱང་ཁོ་རེ་ཡའི་ཕིང་ཨན་ནན་ཏའོ་ཕིང་གྲོང་ཁྱེར་རྒྱུད་ནས་ཁོ་རེ་ཡ་ཕྱེད་གླིང་གི་ཤར་རྒྱུད་མཚོ་ཁོངས་ཕྱོགས་ལ་རྟགས་ཅན་མི་གསལ་བའི་མདེལ་ལམ་མེ་ཤུགས་འཕུར་མདེལ་ཞིག་འཕེན་གཏོང་བྱས་ཡོད་པ་དང་། མེ་ཤུགས་འཕུར་མདེལ་དེའི་འཕུར་བསྐྱོད་ཀྱི་རིང་ཚད་ནི་སྤྱི་ལེ་960ཡིན་པ་དང་། མཐོ་ཤོས་ལ་སྤྱི་ལེ་4500ཙམ་ཟིན་གྱི་འདུག་ཅེས་བཤད་ཡོད་པ་རེད། 
         ལྷོ་ཁོ་རེ་ཡའི་དམག་དཔུང་ཕྱོགས་ཀྱི་མཉམ་འབྲེལ་དྲག་ཇུས་པས་བྱང་ཁོ་རེ་ཡའི་མདེལ་ལམ་མེ་ཤུགས་འཕུར་མདེལ་དེ་འཕེན་གཏོང་བྱས་ནས་སྐར་ཆ་འགའ་ཤས་ཀྱི་རྗེས་སུ་ལྷོ་ཁོ་རེ་ཡའི་དམག་ཕྱོགས་ནས་མེ་ཤུགས་འཕུར་མདེལ་འཕེན་གཏོང་བྱས་ཏེ་ནང་སྦྱོང་རྣམ་པའི་ཐོག་ནས་ཕྱིར་ལན་སློག་ཡོད་ཅེས་བཤད་པ་རེད། 
         ཨ་རིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་མའེ་ཉིང་ཙེས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཨ་རིའི་ཕྱོགས་ནས་བྱང་ཁོ་རེ་ཡས་འཕེན་གཏོང་བྱས་པའི་མེ་ཤུགས་འཕུར་མདེལ་དེ་ལྟ་ཞིབ་ཚད་ལེན་ཐུབ་པ་མ་ཟད་རྗེས་འདེད་ཀྱང་བཏང་ཡོད་པ་དང་། ཐོག་མའི་བརྡར་ཤ་དཔྱད་པར་མེ་ཤུགས་འཕུར་མདེལ་དེ་ནི་མངའ་སྡེ་ནས་མངའ་སྡེའི་བར་གྱི་མདེལ་ལམ་མེ་ཤུགས་འཕུར་མདེལ་ཡིན་མོད། ཨ་མེ་རི་ཁ་བྱང་མ་དང་ཨ་རིའི་མངའ་ཁོངས་དང་། ཨ་རིའི་མནའ་གྲོགས་ལ་ཉེན་ཁ་བཟོ་མི་ཐུབ་ཞེས་བཤད་ཡོད་པ་རེད། གསལ་བསྒྲགས་སྤེལ་བའི་ནང་མེ་ཤུགས་འཕུར་མདེལ་དེ་མཁའ་དབྱིངས་སུ་སྤྱི་ལེ་1000འཕུར་རྗེས་ལྗར་པན་གྱི་མཚོའི་ནང་དུ་ལྷུང་བ་རེད་ཅེས་བཤད་ཡོད་པ་རེད། 
          ཨ་རིའི་ཙུང་ཐུང་ཐེ་རོང་ཕུས་ཟླ་བ་འདིའི་ཚེས་20ཉིན་ཨ་རི་ནས་བྱང་ཁོ་རེ་ཡ་སླར་ཡང་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ནང་དུ་འཇུག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། ཨ་རིའི་ནོར་སྲིད་པུའུ་ཡིས་དེ་རྗེས་བྱང་ཁོ་རེ་ཡར་རེས་སྐོར་གསར་པའི་བཀག་སྡོམ་བྱས་པ་རེད། ཕྱེད་གླིང་གི་གནས་བབ་ལ་དོ་ཁུར་བྱེད་མཁན་ཨ་རི་བ་འགའ་ཤས་ཀྱིས། བྱེད་ཐབས་འདིས་ཨ་རི་དང་བྱང་ཁོ་རེ་ཡའི་བར་གྱི་ཛ་དྲག་གནས་བབ་སྡུག་ཏུ་གཏོང་ཉེན་ཡོད་པ་དང་། དེས་བྱང་ཁོ་རེ་ཡའི་ཉིང་རྡུལ་གྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་དང་ཕྱེད་གླིང་གི་གནས་བབ་བརྟན་ལྷིང་ཡོང་བར་ཕན་ཐོགས་མེད་པའི་ངོས་འཛིན་བྱས་ཡོད་པ་རེད། སྤྱི་11ཚེས་22ཉིན་བྱང་ཁོ་རེ་ཡས་ཨ་རིའི་བྱེད་སྟངས་དེ་ནི་བྱང་ཁོ་རེ་ཡར་བརྙས་བརྐོ་བ་དང་བཙན་གནོད་བྱས་པ་ཞིག་རེད་ཅེས་བཤད་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།