འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།"དབྱི་སི་ལམ་རྒྱལ་ཁབ"དང་ཐ་ལི་པན་ཚོགས་པ་གཉིས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཤར་རྒྱུད་
    དུ་འཛིང་རེས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་28ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་27ཉིན། ཨ་ཧྥུ་ཀ་ནི་སི་ཐན་གྱི་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་སྔོན། ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ཁབ་ཤར་རྒྱུད་ཀྱི་ནན་གེ་ཧར་ཞིང་ཆེན་དུ་འཇབ་པའི་ཐལ་དྲགས་རྩ་འཛུགས"དབྱི་སི་ལན་རྒྱལ་ཁབ"དྲག་ཆས་དཔུང་ཚོགས་ཀྱིས་ཐ་ལི་པན་ཚོགས་པའི་དྲག་ཆས་དཔུང་ཚོགས་དང་འགལ་བ་བྱུང་ནས་འཛིང་རེས་བྱས་པ་དང་།  ཉུང་མཐར་ཡང་ས་གནས་དེ་གའི་ཁྱིམ་ཚང་ཁྲི་1ལྷག་ཙམ་ལ་ཤུགས་རྐྱེན་ཐེབས་ནས་གནས་སྤོ་མི་བྱེད་ཐབས་མེད་བྱུང་བ་རེད།
          ཨ་ཧྥུ་ཀ་ནི་སི་ཐན་གྱི་ཧ་མཱ་གསར་འགྱུར་ཁང་གི་གནས་འཕྲིན་སྤེལ་བར་གཞིགས་ན། འགལ་བ་བྱུང་བའི་ས་གནས་ནི་ནན་གེ་ཧར་ཞིང་ཆེན་ནུབ་བྱང་རྒྱུད་ཀྱི་ཧུ་ཅི་ཡཱ་ནི་ས་ཁུལ་ཡིན་པ་དང་། ཕྱོགས་གཉིས་ཀར་ཉུང་མཐར་ཡང་དྲག་ཆས་པ་19འཛིང་རེས་ནས་ཤི་ཡོད་པ་རེད།
         གནས་འཕྲིན་དུ་གསར་འགྱུར་མི་སྣའི་སྐད་ཆ་དྲངས་པ་ལྟར་ན། དམག་འཁྲུག་ལ་གཡོལ་ཆེད། ས་གནས་དེ་གའི་ཁྱིམ་ཚང་མང་པོ་ཞིག་མཚན་མོའི་སྨག་རུམ་དང་བསྟུན་ནས་ཉེ་འཁོར་ས་ཁུལ་དུ་བྲོས་བྱོལ་དུ་ཕྱིན་ཡོད་པ་རེད། ཁྱིམ་ཚང་འདི་དག་གི་གནས་བབ་ནི་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་རུང་བ་ཞིག་ཡིན་ལ། ཟ་འབྲུ་སོགས་ཀྱི་དངོས་རྫས་དཀོན་པོ་ཡོད་པས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དགོས་མཁོ་ཆེན་པོ་འདུག་ཅེས་བརྗོད་པ་རེད།
         ད་ལོ་ནས་བཟུང་། "དབྱི་སི་ལན་རྒྱལ་ཁབ"དྲག་ཆས་དཔུང་ཚོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཐ་ལི་པན་ཚོགས་པ་ཐེངས་མང་འགལ་བ་བྱུང་ནས་འཛིང་རེས་བྱས་ཡོད་པ་རེད། ཨ་ཧྥུ་ཀ་ནི་སི་ཐན་གྱི་སྨྱན་སྦྱོར་དུ་ཟླ་10ཚེས་25ཉིན་སྤེལ་བའི་གནས་འཕྲིན་ཞིག་ཏུ། ཕྱོགས་གཉིས་པོས་ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ཁབ་ཀྱི་བྱང་རྒྱུད་ཀྲུ་ཚི་ཀྲན་ཞིང་ཆེན་དུ་ཉིན་ཤས་བསྟུད་མར་འཛིང་རེས་བྱས་པས། ཉུང་མཐར་ཡང་དྲག་ཆས་པ་52ཤི་ཡོད་པ་རེད་ཅེས་བཀོད་འདུག
      

    ཕྱོགས་བསྡུས་གསར་འགྱུར།