འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་དྲ་ཐོག་སྲིད་གཙང་སློབ་གསོའི་འགྲེམས་ཁང་བསྐྲུན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 15:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྲིད་གཙང་སློབ་གསོའི་ཁྱབ་རྒྱ་དང་ཤུགས་རྐྱེན་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད་ཡུན་ནན་གྱིས་དྲ་ཐོག་སྲིད་གཙང་སློབ་གསོའི་འགྲེམས་ཁང་བསྐྲུན་པ་མ་ཟད། ཚེས་22ཉིན་ནས་དངོས་སུ་སྤྱོད་འགོ་ཚུགས་ཏེ་དྲ་ཐོག་དང་དྲ་ཕྱི་ནས་སློབ་གསོ་མྱོང་སྟངས་ཤིག་ཐོག་མར་བཏོད་པ་རེད།
         ཡུན་ནན་ཞིང་ཆེན་གྱི་དྲ་ཐོག་སྲིད་གཙང་སློབ་གསོའི་འགྲེམས་ཁང་ནི་སྲིད་གཙང་སློབ་གསོའི་རྟེན་གཞི་ཚོམ་བུ་དང་། སྲིད་གཙང་གི་དཔེ་དེབ་ཁང་། སྲིད་གཙང་གི་དཔྱད་ཡིག་མཛོད། སྲིད་གཙང་གློག་བརྙན་ཁང་བཅས་བཞི་ལས་གྲུབ་ཅིང་། དེ་དག་གི་ནང་གློག་རྡུལ་དཔེ་དེབ་ཁྲི་1000ལྷག་དང་། ཡིག་འབྲུ་ཁྲི་10ལྷག་གི་ཡིག་ཚགས། དུས་ཡུན་སྐར་མ་509ཡི་སྒྲ་སྦྱོར། དོ་གནད་507 བརྙན་ལམ་ཐོན་ཁུངས་439 རྟོག་བཟོའི་དངོས་ཡོད་ལག་རྩལ་གྱི་ཡུལ་ལྗོངས་208 ལྟ་སྐོར་བྱ་ཡུལ་25 གསར་རྩོམ་བརྙན་ལམ་11 གསར་རྩོམ་འགུལ་རིས་5བཅས་ཚུད་ཡོད།
         ཡུན་ནན་ཞིང་ཆེན་གྱི་དྲ་ཐོག་སྲིད་གཙང་སློབ་གསོའི་འགྲེམས་ཁང་གི་རྟོག་བཟོའི་མངོན་སུམ་ཡུལ་ལྗོངས་ཀྱི་ཆ་ཤས་ལ་ལྟ་སྐོར་བྱེད་བདེ་པོ་ཡོང་ཆེད། ལྟ་མཁན་གྱིས་དགོས་མཁོ་ལྟར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འགྲེལ་བཤད་པ་དང་། ལྟ་སྐོར་ལམ་ཐིག ས་བཀྲའི་སྣེ་ཤན་བཅས་གདམས་ཆོག དྲ་ཐོག་འགྲེམས་ཁང་གི་ལྟ་བཤེར་བྱེད་ཐབས་ལ་རང་འགུལ་ལྟ་བཤེར་དང་ལག་འགུལ་ལྟ་བཤེར་གཉིས་སུ་དབྱེ་ཡོད་པ་མ་ཟད་སྣེ་ཤན་མཐེབ་ཀྱི་ཐིང་ནས་རང་མོས་ངང་བརྗེ་ཆོག ལྟ་སྐོར་བྱེད་སའི་དྲ་གནས་25ཚང་མ་ནས་དོ་གནད་ལ་སློབ་སྦྱོང་ཟབ་མོ་བྱ་ཆོག་པ་དང་། མ་ལག་གིས་རང་འགུལ་ངང་ལྟ་གྲངས་ཟིན་ཐོར་འགོད་སྲིད་པ་མ་ཟད་ལྟ་སྐོར་བྱས་རྗེས་མ་ལག་ནས་སློབ་སྦྱོང་དཔང་ཡིག་སྤྲོད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།