འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དབྱང་རུའེ་ཡིས་དབྱིན་སྐད་སློབ་སྦྱོང་གི་སྐོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་དབྱང་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དབྱང་རུའེ་ཡིས་དབྱིན་སྐད་སློབ་སྦྱོང་གི་སྐོར་གླེང་བ།
         མི་དམངས་དྲ་བའི་འཕྲིན། དབྱང་རུའེ་ནི་ལོ་མང་རིང་ལ"པོ་ཨོ་ཨེ་ཤེ་ཡ་གླེང་སྟེགས"ཡན་ལག་གླེང་སྟེགས་ཀྱི་མདོ་འཛིན་པ་བྱེད་མྱོང་ཡོད་ལ། ད་ལྟ་《Dialogue》དང་《Global Debate》ལེ་ཚན་གྱི་མདོ་འཛིན་པ་གནང་བཞིན་ཡོད་པ་རེད། ཁོང་གིས་ཐུན་མིན་མདོ་འཛིན་བྱེད་སྟངས་དང་རིག་གནས་ཀྱི་ཆུ་ཚད་ཟབ་མོར་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་མང་པོ་ཞིག་གི་ཡིད་དབང་འཕྲོག་ཡོད་པ་རེད།
          དབྱིན་སྐད་ཀྱི་སྐོར་ནས། དབྱང་རུའེ་ཡིས་ལྟ་ཚུལ་འདི་འདྲ་ཞིག་རྒྱུན་འཁྱོངས་བྱས་ཡོད་དེ། "དབྱིན་སྐད་ཡག་པོ་ཞིག་སྦྱོང་ཐུབ་ལ། མི་བྱེད་ཚུལ་ཡང་ཡག་པོ་ཞིག་སྦྱོང་ཐུབ། དབྱིན་སྐད་རྒྱལ་ཁབ་ཀྱི་ནུབ་ཕྱོགས་རིག་གནས་ཁ་ཤས་ནི་ཧ་ཅང་གི་སྔོན་ཐོན་དང་དེང་རབས་ཡིན་པ་རེད། དབྱིན་སྐད་སློབ་སྦྱོང་གིས་བསམ་བློ་གཏོང་སྟངས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་ལ། རིན་ཐང་སྣ་མང་ཅན་དུ་བཏང་རྗེས་ཕ་རོལ་པོས་རང་ཉིད་ལ་ལྟ་ཚུལ་ཇི་འདྲ་ཞིག་ཡོད་པ་དང་། ཕན་ཚུན་གྱི་ཆ་རྒྱུས་ཇེ་ཟབ་ཏུ་གཏོང་ཐུབ། དུས་མཚུངས་སུ། དབྱིན་སྐད་སློབ་སྦྱོང་གི་ཁྲོད་ནས་རང་གི་སྐད་ཡིག་སྟེ་རྒྱ་ཡིག་ཕྱི་རྒྱལ་བར་ཁྲིད་ཆོག་པ་རེད། རྒྱ་སྐད་དང་ཀྲུང་གོའི་རིག་གནས་ནི་གཏིང་ཟབ་ལ་རྒྱ་ཆེ་བ་རེད། རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀ་ཡག་པོ་ཞིག་སྦྱངས་ན་ཡག་ཐོག་ཡག་བརྩེགས་དང་ཡང་རྩེའི་སྒང་ལ་ཡས་སྒྲོན་རེད།"
         དབྱིན་སྐད་ཇི་ལྟར་སྦྱོང་ཚུལ་གྱི་སྐོར་ལ། དབྱང་རུའེ་ཡི་ཕྱོགས་བསྡོམས་ནི་གཤམ་གསལ་དུ། ༡ ངེས་པར་དུ་སྤྲོ་བ་ཡོད་དགོས་པ་ལས་བཀོལ་སྤྱོད་ཀྱི་ཕྱོགས་གཙོ་བོ་མིན་པ། འདི་ནི་ཁྱེད་རང་གིས་འབད་པ་བྱེད་མིན་ལ་རག་ལས་ཡོད་པ་རེད། ༢ དཔེ་དེབ་གཉིས་ནན་ཏན་དུ་གཟུང་དགོས་པ་སྟེ། གཅིག་ནི་ཀློག་པ་དང་འབྲི་སྦྱོང་གི་ནུས་པ་ཐོན་པ་དང་། ཅིག་ཤོས་ནི་ཉན་ནུས་ཀྱི་སློབ་དེབ་ཡིན་པ། དེ་གཉིས་ཀ་གང་བྱུང་དུ་བྱེད་མི་རུང་། ༣ རྩོམ་ཡིག་ལེགས་པོ་ཡོད་ན་བློར་འཛིན་དགོས་ལ། ཐ་སྙད་གསོག་ཚད་བློར་འཛིན་པ་དང་བཀོལ་སྤྱོད་བྱེད་རྒྱུར་བརྟེན་དགོས། ནམ་རྒྱུན་དབྱིན་ཡིག་གི་འཕྲིན་ཡིག་འབྲི་སྲོལ་ཞིག་ཆགས་པར་བྱ་དགོས་ལ། འདིས་ཁྱེད་རང་གི་བསམ་བློ་གཏོང་སྟངས་གསོ་སྐྱོང་བྱེད་ཐུབ། ༤ དབྱིན་ཇི་དང་ཨ་རིའི་གྲོགས་པོ་ཞིག་བསྒྲིགས་ནས་རྒྱུན་དུ་ཁ་བརྡའི་སྐོར་སྦྱོང་བ། ༥ ཆ་རྐྱེན་འཛོམས་ན་ཕྱི་རྒྱལ་དུ་ཕྱིན་ནས་སློབ་སྦྱོང་ཞིག་བྱས་ན་བཟང་།
    ༄༅།།ཀྲུང་དབྱང་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དབྱང་རུའེ་ཡིས་དབྱིན་སྐད་སློབ་སྦྱོང་གི་སྐོར་གླེང་བ།
      

    ཕྱོགས་བསྡུས་གསར་འགྱུར།