འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མུ་གཱ་པེ་ཡིས་དམག་དཔུང་ཕྱོགས་ཀྱི་བྱ་སྤྱོད་ལ"མོས་མཐུན"གནང་ཡོད་ཀྱང་ལས་ཁུར་དགོངས་
    ཞུ་སྐོར་ཚིག་གཅིག་ཀྱང་གླེང་མེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མུ་གཱ་པེ་ཡིས་དམག་དཔུང་ཕྱོགས་ཀྱི་བྱ་སྤྱོད་ལ'མོས་མཐུན'གནང་ཡོད་ཀྱང་ལས་ཁུར་དགོངས་
ཞུ་སྐོར་ཚིག་གཅིག་ཀྱང་གླེང་མེད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་19ཉིན་གྱི་དགོང་མོར། ཙམ་པབ་ཝེ་རྒྱལ་ཁབ་ཀྱི་སྲིད་འཛིན་རོ་པེར་ཐི་•གཱ་པུ་རི་ཨེལ་•མུ་གཱ་པེ་(Robert Gabriel Mugabe)ཡིས་བརྙན་འཕྲིན་ནས་གསུང་བཤད་གནང་སྟེ་ཕྱི་ཕྱོགས་ཀྱིས་སྔོན་དཔག་བྱས་པ་བཞིན་ལས་ཁུར་དགོངས་ཞུ་སྐོར་ཚིག་གཅིག་ཀྱང་གླེང་མེད་ན་ཡང་། དམག་དཔུང་ཕྱོགས་ཀྱིས་བྱ་སྤྱོད་སྤེལ་བར"མོས་མཐུན"ཡོད་ཚུལ་བསྟན་ཡོད་པ་རེད།
         རེ་གཟའ་སྔོན་མར། དམག་དཔུང་ཕྱོགས་སྲིད་འཛིན་མུ་གཱ་པེའི"རྗེས་འཛིན་པ"ཡི་རྩོད་པར་ཞུགས་ཡོད་ལ། ཚེས་18ཉིན། མང་ཚོགས་སྟོང་ཕྲག་ལྷག་གིས་རྒྱལ་ས་ཧ་ར་རེ་རུ་ཁྲོམ་སྐོར་བྱས་ཏེ་སྲིད་འཛིན་ལོ་37ལྷག་ལ་བྱས་པའི་མུ་གཱ་པེ་སྲིད་སྟེགས་ནས་བབས་དགོས་ཚུལ་གྱི་འབོད་སྐུལ་བྱས་པ་རེད། 
         ད་ལྟ་དགུང་ལོ་93ལ་སོན་པའི་མུ་གཱ་པེ་ཡིས་ཚེས་19ཉིན་གྱི་དགོང་མོར། སྲིད་འཛིན་ལས་ཤག་ཏུ་སྐར་མ་20རིང་གི་གཏམ་བཤད་གནང་ཞིང་། སྐད་ཆ་དལ་བུར་བཤད་པ་དང་། སྐད་གདངས་དྲག་པོ་ཡིན་པ། མཚམས་རེར་སྐད་དིག་ཅུང་ཟད་ཡོད་པ་རེད། ཁོང་གི་ཉེ་འགྲམ་དུ་བསྡད་པའི་རིམ་པ་དང་པོ་ནི་དམག་དཔུང་ཕྱོགས་ཀྱི་མཐོ་རིམ་དཔོན་པོ་ཡིན་ལ། རྒྱལ་སྲུང་དམག་སྤྱི་ཁཱང་སི་ཐན་ཏིང་•གུ་ཝེ་ཡཱ་•ཆི་ཝུན་གཱ་ཡང་ཚུད་ཡོད་པ་རེད།
         དམག་དཔུང་ཕྱོགས་ཀྱིས་ཚེས་15ཉིན་བྱ་སྤྱོད་སྤེལ་བར། མུ་གཱ་པེ་ཡིས"ཚང་མས་མཐོང་ཆེན་གནང་བཞིན་པའི་རྒྱལ་ཁབ་རྩ་ཁྲིམས་ཀྱི་སྒྲིག་གཞི་གྲུབ་ཚུལ་ལ་འགྲན་སློང་བྱས་པ་མིན་པ་དང་། ཁོང་ཉིད་རྒྱལ་ཁབ་ཀྱི་དབུ་འཛིན་དང་ཙམ་པབ་ཝེ་རྒྱལ་ཁབ་ཀྱི་རྒྱལ་སྲུང་དམག་གི་ཆེས་མཐོའི་དམག་སྤྱི་ཡིན་པའི་དབང་གྲགས་ལ་འཇིགས་སྐུལ་མེད"ཅེས་བསྟན་པ་རེད།
         མུ་གཱ་པེ་ཡིས་གཏམ་བཤད་ནང་ཕྱི་ཕྱོགས་ཀྱི་དོ་ཁུར་བྱེད་པའི་ལས་ཁུར་དགོངས་ཞུ་སྐོར་ཚིག་གཅིག་ཀྱང་གླེང་མེད་ཀྱང་། ཁོང་གིས་ཉུང་མཐར་ཡང་སྲིད་འཛིན་ལས་སྟེགས་ནས་ཟླ་རྗེས་མའི་ཟླ་དཀྱིལ་བར་དུ་ལས་འགན་ཁུར་རྒྱུ་ཡིན་ཚུལ་གསང་བརྡ་བཏང་ཡོད་པ་རེད། ཁོང་གིས་སྲིད་འཛིན་ཏང་ཙམ་པབ་ཝེ་ཨ་ཧྥེ་རི་ཁ་མི་རིགས་མནའ་འབྲེལ་ཏེ་རྒྱལ་གཅེས་ལངས་ཕྱོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ནི"གཟའ་འཁོར་འགའ་ཡི་རྗེས་ནས་འཚོག་རྒྱུ་ཡིན་པ་གཏན་འཁེལ་བྱས་ཡོད།" "ང་རང་གིས་ཚོགས་འདུའི་གྲོས་རིམ་གཙོ་སྐྱོང་བྱེད་རྒྱུ་ཡིན་ལ། སུ་ཞིག་གིས་ཀྱང་བྱ་སྤྱོད་འདི་གཏོར་བརླག་བཏང་མི་ཆོག"ཅེས་བརྗོད་པ་རེད།
         མུ་གཱ་པེ་ཡིས་གཏམ་བཤད་མ་གནང་གོང་གི་ཆུ་ཚོད་འགའ་ཤས་སྐབས། སྲིད་འཛིན་ཏང་གིས་ཀྲུང་དབྱང་དམིགས་བསལ་ཚོགས་འདུ་འཚོགས་ཏེ་མུ་གཱ་པེ་ཡི་ཏང་གི་ཀྲུའུ་ཞི་དང་ཧྲུའུ་ཅི་དང་པོ་ཡི་ལས་འགན་ཕྱིར་འཐེན་བྱ་རྒྱུ་དང་། རེ་གཟའ་གཉིས་ཀྱི་སྔོན་ལ་མུ་གཱ་པེ་ཡིས་གནས་དབྱུང་བཏང་བའི་སྲིད་འཛིན་གཞོན་པ་ཨེ་མེར་སོན་•མུ་ནན་གཱ་ཝ་(Emmerson Mnangagwa)ཡིས་ལས་འགན་ཁུར་དགོས་པའི་ཐག་གཅོད་བྱས་པ་རེད།
         སྲིད་འཛིན་ཏང་གིས་ད་དུང་མུ་གཱ་པེ་ཡིས་ངེས་པར་དུ་ས་གནས་དེ་གའི་ཆུ་ཚོད་ཚེས་20ཉིན་གྱི་ཉིན་གུང་སྔོན་ལ་སྲིད་འཛིན་ལས་འགན་རྩ་དགོངས་ཞུ་དགོས་ལ། དེ་མིན་ན་ནག་ཉེས་ཐེར་འདོན་བྱ་རྒྱུ་ཡིན་ཞེས་བླང་བྱ་བཏོན་པ་རེད།
    ༄༅།།མུ་གཱ་པེ་ཡིས་དམག་དཔུང་ཕྱོགས་ཀྱི་བྱ་སྤྱོད་ལ'མོས་མཐུན'གནང་ཡོད་ཀྱང་ལས་ཁུར་དགོངས་
ཞུ་སྐོར་ཚིག་གཅིག་ཀྱང་གླེང་མེད་པ།
    ༄༅།།མུ་གཱ་པེ་ཡིས་དམག་དཔུང་ཕྱོགས་ཀྱི་བྱ་སྤྱོད་ལ'མོས་མཐུན'གནང་ཡོད་ཀྱང་ལས་ཁུར་དགོངས་
ཞུ་སྐོར་ཚིག་གཅིག་ཀྱང་གླེང་མེད་པ།
      

    ཕྱོགས་བསྡུས་གསར་འགྱུར།