མི་དམངས་དྲ་བ།

༄༅།།དཀར་མཛེས་ཁུལ་ཨུད་ཀྱི་སྒྲོག་འགྲེལ་ཚོགས་པ་ཕྱག་ཕྲེང་རྫོང་དུ་བསྐྱོད་ནས་ཏང་གི་གསུང་
ཕྱག་ཕྲེང་དུ་ཁྱབ་པར་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།དཀར་མཛེས་ཁུལ་ཨུད་ཀྱི་སྒྲོག་འགྲེལ་ཚོགས་པ་ཕྱག་ཕྲེང་རྫོང་དུ་བསྐྱོད་ནས་ཏང་གི་གསུང་
ཕྱག་ཕྲེང་དུ་ཁྱབ་པར་བྱས་པ།

     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་17ཉིན་ནས་ཚེས་18ཉིན་བར། “དཀར་མཛེས་ཁུལ་ཨུད་ཀྱི་མང་ཚོགས་ལ་སྒྲོག་འགྲེལ་ཚོགས་ཁག་འཆམ་མཐུན་ངང་གྲོང་གསེབ་ཏུ་སྐྱོད”ཞེས་པ་སྟེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་ཕྱག་ཕྲེང་རྫོང་དུ་བསྐྱོད་ཅིང་། ཁྱོན་བསྡོམས་སྒྲོག་འགྲེལ་ཚོགས་འདུ་ཐེངས་7འཚོགས་པ་རེད།
     དཀར་མཛེས་ཁུལ་ཨུད་ཀྱི་མང་ཚོགས་ལ་སྒྲོག་འགྲེལ་ཚོགས་པས"གོ་བདེ་ཞིང་ཤེས་རྟོགས་བྱེད་སླ་བའི"སྐད་ཆའི་ཐོག་ནས་ཏང་གི་གསུང་ཕྱག་ཕྲེང་རྫོང་དུ་ཁྱབ་པར་བྱས་པ་དང་། མང་ཚོགས་ཚོས་སེམས་ཁུར་བྱེད་པའི་གནད་སྨིན་དབུལ་སྐྱོར་དང་སྨན་བཅོས་རོགས་སྐྱོར། འོས་འགན་སློབ་གསོ། དེ་བཞིན་རྒྱལ་གཅེས་ཁྲིམས་སྲུང་། ཁྲིམས་ལྟར་རྒྱལ་སྐྱོང་སོགས་ཀྱི་ཐད་ནས་མང་ཚོགས་ལ་སྒྲོག་འགྲེལ་བྱས་ཤིང་ཕྱག་ཕྲེང་རྫོང་ཨུད་དྲིལ་བསྒྲགས་པུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཉིན་གཉིས་རིང་ལ་མང་ཚོགས་3162ཀྱིས་སྒྲོག་འགྲེལ་ཉན་པ་རེད།
     ཕྱག་ཕྲེང་རྫོང་རྭ་རྟགས་ཤང་གི་སྒྲོག་འགྲེལ་ཚོགས་འདུ་འཚོག་ཡུལ་དངོས་སུ་དཀར་མཛེས་ཁུལ་ཨུད་ཀྱི་མང་ཚོགས་ལ་སྒྲོག་འགྲེལ་ཚོགས་པའི་མི་སྣ་རྒྱ་མ་ཡིས་ཐེངས་འདིའི་སྒྲོག་འགྲེལ་ནི་གཙོ་བོར་ཕ་ཡུལ་གྱི་གཉེན་ཉེ་གྲོགས་པོ་ཚོ་དང་མཉམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་། ཚང་མ་དང་མཉམ་དུ་ཕ་ཡུལ་འཕེལ་རྒྱས་འགྲོ་བ་དང་འབྲེལ་བ་དམ་པོ་ཡོད་པའི་སྲིད་ཇུས་བཟང་པོ་ལོངས་སུ་མཉམ་སྤྱོད་བྱེད་དགོས་སྙམ་གྱི་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དུ་དུས་ད་ལྟ་ནས་2020ལོའི་བར་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་སྐབས་ཡིན་ཞེས་བསྟན་པ་རེད། ད་ལྟ་ཕྱག་ཕྲེང་རྫོང་གིས་ཀྱང་གནད་སྨིན་དབུལ་སྐྱོར་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལག་བསྟར་ཤུགས་ཆེན་བྱེད་ཀྱི་ཡོད་ཅིང་། བགྲོད་ལམ་སྔར་ལས་ལེགས་པར་བཟོས་པ་དང་འཕྲིན་གཏོང་དྲ་རྒྱ་ཡང་སྔར་ལས་དར་རྒྱས་སུ་ཕྱིན་ཡོད་པས། གཉེན་ཉེ་གྲོགས་པོ་ཚོས"ཕུ་ཐུང་ཡར་བརྫེས་ཏེ་ཤུགས་བརྒྱབ་ནས་ལས་ཀ་བྱེད་དགོས"ཞེས་བཤད་པ་རེད།