འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་སྤྱོད་མཁའ་འགྲུལ་ལས་ཁུངས་ཁག་གིས་ཉིང་ཁྲིའི་ས་ཡོམ་ལ་མྱུར་བསྟུན་འཕྲལ་
    གཅོད་ལས་ཀ་ལེགས་འགྲུབ་ཧུར་བརྩོན་ཆེན་པོ་བྱེད་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་ས་ཡོམ་རིམ་པ6.9བྱུང་རྗེས་སུ། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་ས་ཁུལ་དོ་དམ་ཅུས་ལ་འགན་དཀྲིས་ནས་དུས་ཚོད་དང་པོར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་དང་ཉིང་ཁྲི་གནམ་གྲུ་ཐང་ལ་འབྲེལ་ཡོད་གནས་ཚུལ་ངོས་འཛིན་གཏན་འཁེལ་བྱས་པ་མ་ཟད། འཕྲལ་ཏུ་འབྲེལ་ཡོད་དམངས་སྤྱོད་མཁའ་འགྲུལ་ཀུང་སི་དང་མཐུན་སྦྱོར་བྱས་ཏེ་མྱུར་བསྟུན་གྲ་སྒྲིག་ལས་ཀ་བྱས་ཤིང་། མིག་སྔར་རྒྱལ་ཁབ་མཁའ་འགྲུལ་ལྷོ་ནུབ་ཡན་ལག་ཀུང་སི་དང་སི་ཁྲོན་མཁའ་འགྲུལ་ཀུང་སི། བོད་ལྗོངས་མཁའ་འགྲུལ་ཀུང་སི་བཅས་ཚང་མས་མྱུར་བསྟུན་གྲ་སྒྲིག་ལེགས་པར་བྱས་པ་རེད།
         ས་ཡོམ་བྱུང་རྗེས་སུ། ཉིང་ཁྲི་གནམ་གྲུ་ཐང་གིས་འཕྲལ་དུ་མྱུར་བསྟུན་སྔོན་ཇུས་ལག་ལེན་བསྟར་འགོ་བརྩམས་ཤིང་། གནམ་གྲུ་ཐང་གི་རྒྱུག་ལམ་ངོས་དང་། འཕྲིན་གཏོང་ཕྱོགས་སྟོན་སྒྲིག་ཆས། གནམ་གྲུ་ཐང་གི་འཁོར་སྐྱོད་བྱེད་ཚུལ་གཞན་དག་བཅས་ལ་ཞིབ་བཤེར་བྱས་པ་དང་། མི་སྣ་བདེ་འཇགས་དང་། སྒྲིག་བཀོད་སྒྲིག་ཆས་ཁག་རྒྱུན་ལྡན་ཡིན་ཞིང་། དུས་གཏན་གནམ་གྲུ་བདེ་འཇགས་དང་རྒྱུན་ལྡན་ངང་འཕུར་སྐྱོད་བྱེད་པར་ཤུགས་རྐྱེན་ཐེབས་མི་སྲིད་པ་རེད། ཚེས་18ཉིན་ཉིང་ཁྲི་གནམ་གྲུ་ཐང་དུ་དུས་གཏན་གནམ་གྲུ་ཁྱོན་བསྡོམས་7འབབ་འཕུར་བྱས་ཡོད་པ་དང་། སྔོན་དཔག་བྱས་ན་ཕྱིར་བསྐྱོད་མི་གྲངས་750ཡོད་པ་རེད། མིག་སྔར་དུས་གཏན་གནམ་གྲུ་གསུམ་པོ་རྒྱུན་ལྡན་ངང་འཕུར་བསྐྱོད་བྱེད་བཞིན་ཡོད་པ་དང་། ཉིང་ཁྲི་གནམ་གྲུ་ཐང་གི་གནམ་གྲུ་སྒུག་པའི་ཐོག་ཁང་གི་སྒྲིག་ལམ་རྒྱུན་ལྡན་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།