འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་ཏ་ཞིན་ཁུལ་གྱི་ཞིན་ཅན་གྲོང་ཚོའི་མེ་སྐྱོན་ཚང་མ་བསད་པ་དང་དོགས་ཡོད་མི་སྣར་
    བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པེ་ཅིང་ཏ་ཞིན་ཁུལ་གྱི་ཞིན་ཅན་གྲོང་ཚོའི་མེ་སྐྱོན་ཚང་མ་བསད་པ་དང་དོགས་ཡོད་མི་སྣར་
བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན་གྱི་ཆུ་ཚོད་18:15སྐབས། པེ་ཅིང་གྲོང་ཁྱེར་119བཀོད་འདོམས་ལྟེ་གནས་སུ་ཉེན་བརྡ་འབྱོར་ཏེ། པེ་ཅིང་གྲོང་ཁྱེར་ཏ་ཞིན་ཁུལ་ཞི་ཧུང་མེན་གྲོང་རྡལ་ཞིན་ཅན་གྲོང་ཚོའི་ཁང་ཏུང་ལམ་8པར་མེ་སྐྱོན་བྱུང་བ་དང་། མེ་གསོད་མེ་འགོག་སྡེ་ཁག་གིས་འཕྲལ་མར་རུ་ཁག་འབྲིང་བ་14ཡི་མེ་འགོག་རླངས་འཁོར་34མངགས་ཏེ་ཡུལ་དངོས་སུ་མེ་གསོད་པར་བསྐྱོད་པ་རེད། ཆུ་ཚོད་21:00ཙམ་ལ། མེ་སྐྱོན་ཚང་མ་བསད་ཚར་བ་རེད། མེ་སྐྱོན་ཁྲོད་དུ་མི་19རྐྱེན་ལམ་དུ་ཤོར་བ་དང་། མི་8ལ་རྨས་སྐྱོན་ཕོག་ཡོད་པ་རེད། རྨས་སྐྱོན་ཕོག་མི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད། དོན་རྐྱེན་གྱི་འབྱུང་རྩ་ནི་ད་དུང་བརྟག་དཔྱད་བྱེད་བཞིན་ཡོད་ཅིང་། དོགས་ཡོད་མི་སྣར་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ཡོད་པ་རེད།
         མེ་སྐྱོན་བྱུང་རྗེས། པེ་ཅིང་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་ཚའེ་ཆི་དང་། གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་གྱི་འགོ་འཛིན་ལས་ཚབ་ཁྲེང་ཅི་རྣམ་གཉིས་འཕྲལ་མར་དོན་རྐྱེན་བྱུང་ཡུལ་དུ་མྱུར་སྐྱོབ་ཐག་གཅོད་ཀྱི་བཀོད་འདོམས་བྱེད་པར་བསྐྱོད་པ་རེད།
         ཚའེ་ཆི་ཡིས་ནུས་ཤུགས་ཡོད་རྒུས་ཡུལ་དངོས་སུ་འཚོལ་སྐྱོབ་དང་རྨས་མ་མྱུར་སྐྱོབ་ཀྱི་ལས་ཀ་བསྒྲུབ་དགོས་པ་དང་། རྗེས་འཇུག་གི་ལས་དོན་ཡག་པོར་བྱེད་པ། གྲོང་ཁྱེར་གྱི་སྣེ་ཁྲིད་འོག་བརྟག་དཔྱད་ཚོ་ཆུང་བཙུགས་ཏེ་དོན་རྐྱེན་གྱི་འབྱུང་རྩ་རྩད་ཞིབ་བྱེད་དགོས་པ་དང་། འགན་ཁུར་བདའ་འདེད་ཚ་ནན་བྱེད་དགོས་པ། གཅིག་བཀོད་མང་ཆོད་ཐོག་ནས་འཕྲལ་མར་གྲོང་ཁྱེར་ཡོངས་སུ་ཞིབ་བཤེར་ཆེན་པོ་བྱས་ཏེ་གྲོང་ཚོ་རེ་དང་རྭ་བ་རེ་བཞིན་དུ་ཞིབ་ཚགས་ནན་ཏན་ངང་བདེ་འཇགས་ཉེན་ཁ་ཡོད་རིགས་གཅིག་ཀྱང་མ་ལུས་པར་བྱེད་པ། གྲོང་རྡལ་གྱི་བཟོ་ལས་ཁང་གི་སྒོ་རྒྱག་པ་དང་ཁྲིམས་འགལ་གཉེར་སྐྱོང་གཙང་སེལ་སྔར་ལས་ལྷག་པར་བྱེད་པ། ཁུལ་རེ་བཞིན་དང་ལས་ཁུངས་རེ་རེ་བཞིན་བཅས་ཀྱིས་བྱེད་པོའི་འགན་འཁྲི་ཕྲག་ཏུ་བླངས་ཏེ་བདེ་འཇགས་ངང་ཐོན་སྐྱེད་དང་སྤྱི་པའི་བདེ་འཇགས་འགན་སྲུང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
         སྤྱི་བདེ་པུའུ་ཡི་འགོ་ཁྲིད་ལིའུ་ཡུའེ་ཅིན་དང་། གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཀུང་། ཀྲང་ཧྲོའོ་ཧྥུ། ཀྲང་ཡན་ཁུན། ཚུའེ་ཧྲུའུ་ཆང་། ཝང་ཞའོ་ཧུང་། ཝང་ཉིང་། གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་ལི་ཝེ་བཅས་ཡུལ་དངོས་སུ་ཐག་གཅོད་གནང་བར་ཞུགས་ཡོད་པ་རེད།
    ༄༅།།པེ་ཅིང་ཏ་ཞིན་ཁུལ་གྱི་ཞིན་ཅན་གྲོང་ཚོའི་མེ་སྐྱོན་ཚང་མ་བསད་པ་དང་དོགས་ཡོད་མི་སྣར་
བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ།
      

    ཕྱོགས་བསྡུས་གསར་འགྱུར།