མི་དམངས་དྲ་བ།

༄༅།།བོད་ལྗོངས་ཀྱི་ལས་བྱེད་པ་མང་ཚོགས་ཀྱིས་རྣམ་པ་འདྲ་མིན་སྣ་ཚོགས་ཐོག་ནས་ཚོགས་ཆེན་
བཅུ་དགུ་པའི་སྙན་ཞུ་སློབ་སྦྱོང་བྱེད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།བོད་ལྗོངས་ཀྱི་ལས་བྱེད་པ་མང་ཚོགས་ཀྱིས་རྣམ་པ་འདྲ་མིན་སྣ་ཚོགས་ཐོག་ནས་ཚོགས་ཆེན་
བཅུ་དགུ་པའི་སྙན་ཞུ་སློབ་སྦྱོང་བྱེད་པ།

     མི་དམངས་དྲ་བའི་འཕྲིན། ཉིན་འགའི་རིང་ལ། བོད་ལྗོངས་ཀྱི་རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པ་མང་ཚོགས་ཀྱིས་རྣམ་པ་འདྲ་མིན་སྣ་ཚོགས་བརྒྱུད་ནས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་སློབ་སྦྱོང་ནན་པོར་བྱེད་པ་དང་། ཏང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གོ་བ་ཡང་དག་ལེན་བཞིན་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་ཚང་མས་མཐུན་སྒྲིལ་དམ་པོར་བྱས་ནས་ལས་ཀ་ཧུར་ཐག་བྱེད་པ་དང་། ཡར་ཐོན་ལ་བརྩོན་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཀྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་རྒྱུ་ཡིན་ཚུལ་བསྟན་པ་རེད།