འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་གྲོང་ཚོ་79ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་མིང་གཞུང་དུ་བཅུག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔར་མཚོ་སྔོན་གྱི་གྲོང་ཚོ་79ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་མིང་གཞུང་དུ་བཅུག་པ་རེད།
          ཀྲུང་གོ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་དང་། མི་རིགས་རིག་གནས་ཕོ་བྲང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་བཅས་ཀྱིས་གཙོ་གཉེར་བྱས་པའི“ཁྱིམ་གཞིས་བསྲུངས་ནས་ཤེས་དཔལ་རྒྱུན་འཛིན་བྱེད། ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེ་མཚོ་སྔོན་གྱི་པར་རིས་འགྲེམས་སྟོན”པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་གཉེར་བ་རེད། འགྲེམས་སྟོན་དེ་མཚོ་སྔོན་གྱི་རྨ་ཙོང་འབབ་ཡུལ་དང་རོང་པོའི་དགུ་ཆུ་འབབ་ཡུལ་སོགས་ལས་གྲུབ་པ་དང་དེར་མཛེས་སྡུག་ལྡན་པའི་པར་རིས་400ལྷག་ཙམ་འགྲེམས་སྟོན་བྱས་ཡོད་པས། ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་མཚོ་སྔོན་གྱི་སྲོལ་རྒྱུན་གྲོང་སྡེར་ཡོད་པའི་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་མངོན་པར་བྱས་ཏེ་མཚོ་སྔོན་གྱི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་དང་རྒྱུན་སྲིང་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་སྲོལ་རྒྱུན་གྱི་གྲོང་སྡེར་ཞིབ་འཇུག་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་བརྟག་དཔྱད་ཞིབ་འཇུག་གི་ཡིག་ཚགས་བཟོ་བ་དང་སྲུང་སྐྱོང་འདུན་ཞུའི་ལས་དོན་སྤེལ་ཡོད། མིག་སྔའི་བར་གྲོང་སྡེ་79ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་མིང་གཞུང་དུ་བཅུག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།