འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་སུ་ཀྲུང་གོའི་ཐང་
    གའི་སྒྱུ་རྩལ་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་དང་ཀྲུང་གོ་རྒྱལ་སྤྱིའི་རིག་གནས་བརྒྱུད་སྤེལ་ལྟེ་གནས་གཉིས་ཀྱིས་མཉམ་དུ་གཉེར་བའི“ཐང་གའི་སྒྱུ་རྩལ་འགྲེམས་སྟོན”ཚེས་10ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཕ་རི་སིའི་སྤྱི་ཁྱབ་པུའུ་རུ་གཉེར་འགོ་ཚུགས་ཤིང་། རེབ་གོང་གི་ཐང་ག་རྩེ་གྲ་20ལྷག་ཙམ་གྱིས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོགས་པ་རེད།
         ཐང་ག་ནི་ཀྲུང་གོའི་བོད་རིགས་ཀྱིས་ལོ་སྟོང་ཕྲག་ལྷག་རྒྱུན་འཛིན་བྱས་པའི་རི་མོའི་སྒྱུ་རྩལ་ཞིག་རེད་ལ། བོད་ཀྱི་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཀྱང་རེད།“ཐང་གའི་ཕ་ས”མཚོ་སྔོན་རེབ་གོང་གི་ཐང་གའི་སྒྱུ་རྩལ་ནི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྒྱུ་རྩལ་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ལྡན་ཡོད། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་པ་རེད།
         ད་རེས་འགྲེམས་སྟོན་བྱས་པའི་ཐང་ག་ཚང་མ་རེབ་གོང་སྒྱུ་རྩལ་གྱི་ཚབ་མཚོན་རྒྱུན་འཛིན་པ་བློ་བཟང་བསྟན་པ་དང་ཁོང་གི་ཕ་དང་། ཀྲུང་གོའི་བཟོ་བཀོད་མཛེས་རྩལ་མཁས་ཅན་ཆོས་རྒྱལ་གྱིས་བཞེངས་པ་རེད་ལ། ཐང་ག་དེ་དག་ལས་ལྷ་འབྲི་བ་མཁས་ཅན་མང་པོ་འཁྲུངས་པའི་ཁྱིམ་རྒྱུད་དེའི་ཐང་གའི་འབྲི་རྒྱུན་དང་རེབ་གོང་གི་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་གྱི་གསོན་ཤུགས་དང་གསར་རྩོམ་གྲུབ་འབྲས་མངོན་ཡོད།
        མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ལས་རོགས་སྤྱི་ཁྱབ་ཀན་ཧྲི་ཨེ་ལི་ཁེ·ཧྥེར་ཐེ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། ཉེ་བའི་ལོ་ཤས་རིང་། རྩ་འཛུགས་དེ་དང་ཀྲུང་གོའི་དབར་གྱི་ཁྱབ་ཁོངས་མང་པོའི་མཉམ་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། མ་འོངས་པར་ཀྲུང་གོ་དང་མུ་མཐུད་ལག་གདང་སྦྲེལ་ནས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་ཐད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བརྗོད། ཀྲུང་གོ་རྒྱལ་སྤྱིའི་རིག་གནས་བརྒྱུད་སྤེལ་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་ཞི་ལུང་ཡུས་ཤང་གིས། ཐང་གའི་སྒྱུ་རྩལ་ནི་ཀྲུང་གོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་ཡིན་པ་མ་ཟད། འཛམ་གླིང་གི་རིག་གནས་ལོ་རྒྱུས་ཀྱི་ཉིང་བཅུད་ཀྱང་རེད། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ལས་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་སྒྱུ་རྩལ་གྲུབ་པ་དང་། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་བསམ་བློའི་འདུ་ཤེས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྙིང་སྟོབས། ཀུན་སྤྱོད་ཀྱི་ཚད་གཞི་བཅས་ལ་གཞན་གང་གིས་ཀྱང་ཚབ་བྱེད་ཐབས་བྲལ་བའི་རིག་གནས་ཀྱི་རིན་ཐང་ལྡན་པས། དེང་གི་འཛམ་གླིང་གི་ཤེས་དཔལ་ཕན་ཚུན་བསྡུར་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།
         ཉེ་བའི་ལོ་ཤས་རིང་། ཀྲུང་གོ་རྒྱལ་སྤྱིའི་རིག་གནས་བརྒྱུད་སྤེལ་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི“ཚོན་རིས་ཀྱི་སྙིང་པོ”ཞེས་པའི་སྒྱུ་རྩལ་འགྲེམས་སྟོན་རབ་དང་རིམ་པ་མཉམ་འབྲེལ་རྒྱལ་ཚོགས་དང་། ཨ་རི། ཨུ་རུ་སུ།ཐེ་ལན། རྒྱ་གར། སི་ཕེན་སོགས་སུ་གཅིག་རྗེས་གཉིས་མཐུད་དུ་གཉེར་ཞིང་། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་དང་འགྲེམས་སྟོན་ཆུ་ཚད་མཐོ་པོར་བརྟེན་ནས་ལྟ་སྐོར་བ་ཚོའི་བསྔགས་བརྗོད་དང་དགའ་བསུ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།