འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་ཁུ་པའི་ཁྲོམ་རར་མུ་མཐུད་ལྟ་སྟངས་ཡག་པོ་བཟུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་གྲོལ་བའི་ཧ་ཝ་ན་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཐོག ཀྲུང་གོར་བྱ་དགའ་ལྔ་ཐོབ་ནས་བྱ་དགའ་ཐོབ་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་པ་དང་། ཀྲུང་གོའི་ཐོན་རྫས་ལ་རྒྱ་ཁྱབ་ངང་དགའ་བསུ་ཐོབ་པ་རེད། ཁུ་པ་ཕྱོགས་ཀྱིས་ཀྲུང་གོའི་ཐོན་རྫས་ལ་དགའ་པོ་བྱེད་པ་ཙམ་མ་ཡིན་པར། ཀྲུང་གོའི་ཀུང་སིས་ཀྱང་ཁུ་པའི་ཁྲོམ་རར་རྒྱུན་མཐུད་མ་དངུལ་གཏོང་འདོད་བྱེད་ཀྱི་ཡོད།
         ཉིན་དེར། ཀྲུང་གོར་ཐོབ་པའི་བྱ་དགའི་ཁྲོད། ཡུས་ཐུང་རླངས་འཁོར་དང་དོམ་ཁྲ་གློག་རྡུལ་ཚོགས་པའི་དབྱིན་ཚུན་65ཅན་གྱི་ངོས་འཁྱོག་རིག་ནུས་བརྙན་འཕྲིན་ལ་སྤུས་ཚད་བྱ་དགའ་དང་འཆར་འགོད་བྱ་དགའ་ཁག་སོ་སོར་ཐོབ་པ་མ་ཟད། ཀྲུང་གོའི་འགྲེམས་ཁང་དེ་ཉིད་འགྲེམས་ཁང་ཡག་ཤོས་སུ་བདམས་པ་རེད།
        ཁུ་པར་བཅའ་སྡོད་ཀྲུང་གོའི་ལྗིད་ཐེག་རླངས་འཁོར་ཚོགས་པའི་འཐུས་ཚབ་ཁྲུའི་ཀྲུའུ་རེན་ཧྥན་ཙུང་ལེའང་གིས། 2007ལོར་ཁུ་པར་བསྐྱོད་ནས་ལོ་བཅུའི་རིང་ཕྱོགས་གཉིས་ཀྱི་མཉམ་ལས་ཡག་པོ་བྱུང་ཡོད།མིག་སྔར་ཁུ་པའི་སྒྲིག་ཆས་མང་པོ་ཞིག་ཐོན་རྫས་གསར་འདོན་བྱེད་དགོས་སྟབས། ལྗིད་ཐེག་རླངས་འཁོར་ཐོན་རྫས་ཐད་ཀྱི་དགོས་མཁོ་ཆེ་ཞིང་བརྟན་པོ་ཡོད་པས། ལྗིད་ཐེག་རླངས་འཁོར་ཚོགས་པས་ཁུ་པའི་ཁྲོམ་རར་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་ཅེས་བརྗོད།
        ཁུ་པའི་འདྲུད་འཐེན་འཁོར་ལོ་མཁོ་འདོན་ཁེ་ལས་གཙོ་བོ་སྟེ་ཀྲུང་གོའི་འདྲུད་འཐེན་འཁོར་ལོ་བཟོ་གྲྭ་དང་པོའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་ཚད་ཡོད་ཀུང་སིའི་ཁྲོམ་རའི་ཅིང་ལི་ལི་ཅི་ཀང་གིས། ཁུ་པས་ལོ་རེར་ཨ་སྒོར་དུང་ཕྱུར་20ཙམ་བཏང་ནས་བཟའ་བཅའ་ནང་འདྲེན་བྱེད་དགོས་ཀྱི་ཡོད་པས། ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཁུ་པའི་ཁ་ཚ་དགོས་གཏུག་གི་ལས་དོན་ཞིག་ཏུ་གྱུར་ཡོད། ཀྲུང་གོའི་འདྲུད་འཐེན་འཁོར་ལོ་བཟོ་གྲྭ་དང་པོ་2005ལོར་ཁུ་པར་བསྐྱོད་ནས་ཁུ་པར་ཞིང་ལས་འཕྲུལ་ཆས་ཅན་འཕེལ་རྒྱས་གཏོང་རོགས་བྱས་ནས་ནང་འདྲེན་ལ་བརྟེན་ཚད་དམའ་རུ་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
         དོམ་ཁྲ་ཚོགས་པར་མཚོན་ན། འདི་ལོ་ནི་ཐུན་མོང་མ་ཡིན་པའི་ལོ་ཞིག་སྟེ། 2001ལོར། སྐབས་དེའི་ཁུ་པའི་འགོ་ཁྲིད་མི་སྣ་ཧྥེ་ཏེར·ཁཱ་སི་ཐེ་ལུའོ་ཡིས་ཐད་ཀར་སྐུལ་ཁྲིད་བྱས་པའི་འོག ཁུ་པས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་མཁོ་འདོན་བྱས་པའི་ཉོ་མཁན་ཕྱོགས་ཀྱི་ཡིད་རྟོན་དངུལ་བུན་བརྒྱུད་དོམ་ཁྲ་རྟགས་ཅན་གྱི་ཚོན་ལྡན་བརྙན་འཕྲིན་ཁྲི་130ཉོས་ནས་ཁུ་པའི་དུད་ཚང་གཉིས་རེར་ཆ་སྙོམས་བརྙན་འཕྲིན་རེ་ཡོད་པར་བྱས་པ་དེ་ད་ཆ་ཡང་དུད་ཚང་མི་ཉུང་བ་ཞིག་གིས་བེད་སྤྱོད་གཏོང་བཞིན་ཡོད་པ་རེད། ལོ་16གི་རྗེས་སུ། དོམ་ཁྲ་ཚོགས་པས་སླར་ཡང་ཁུ་པའི་ཁྲོམ་རར་ལོག་སྟེ་འཆར་འགོད་ཐོན་རྫས་ཡག་ཤོས་ལ་བརྟེན་ནས་ཁུ་པའི་བརྙན་འཕྲིན་ཐོན་རྫས་གསར་འདོན་གྱི་དགོས་མཁོ་སྐོང་རྒྱུའི་ཐག་བཅད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།