འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཉིང་ཁྲིར་ས་ཡོམ་རིམ་པ་6.9བརྒྱབ་ནས་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་
    ལྷན་དང་དམངས་སྲིད་པུས་རྒྱལ་ཁབ་ཀྱི་གེགས་སེལ་འཕྲལ་སྡོམ་དང་ལེན་
    ལག་བསྟར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན་གྱི་སྔ་དྲོའི་ཆུ་ཚོད་6དང་སྐར་མ་34ཙམ་ལ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་(བྱང་གི་འཕྲེད་ཐིག་ཏུའུ་29.75དང་ཤར་གྱི་གཞུང་ཐིག་ཏུའུ་95.02)དུ་ས་ཡོམ་རིམ་པ་6.9བརྒྱབ་ཡོད། ཉིང་ཁྲི་གྲོང་ཨུད་ཀྱི་རྒྱུན་ཨུ་ཧྲི་ཀྲང་གཞོན་པ་ཀྲང་ཀེན་ཡུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཚེས་18ཉིན་གྱི་ཆུ་ཚོད་14བར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་འབྱོར་མེད་པ་དང་གློག་ཤུགས་དང་འཕྲིན་གཏོང་རྒྱུན་གཏན་བཞིན་ཡོད་པ་རེད། རྦབ་རྡོ་ལྷུང་བ་དང་རི་ཉིལ་བའི་རྒྱལ་ལམ་318དང་སྨན་གླིང་ནས་ཕད་གྲོང་རྡལ་བར་གྱི་གཞུང་ལམ་སོགས་བཤངས་ཟིན་པ་མ་ཟད། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ལམ་ཤར་གཏོང་ཐུབ་པས་མང་ཚོགས་ཀྱི་བློ་ཁ་བརྟན་པོ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ཡག་པོ་ཡོད་པ་རེད།
         ས་ཡོམ་རྒྱག་སྐབས་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་(ཆུས་)བདུན་ཚང་མར་ཡོམ་ཚོར་མངོན་གསལ་དོད་པོ་ཡོད། ད་ཐེངས་ཀྱི་ས་ཡོམ་དང་ཡོམ་འཕྲོས་དུད་ཚང་1453གྱི་མང་ཚོགས་ཀྱི་སྡོད་ཁང་ལ་གནོད་འཚེ་ཕོག་པ་དང་སྤྱི་པའི་སྒྲིག་བཀོད་ཁག་གཅིག་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད། མིག་སྔར་གནོད་འཚེ་ཕོག་པ་དང་གྱོང་གུན་ཕོག་པའི་གནས་ཚུལ་སྔར་བས་ཞིབ་བཤེར་བྱེད་སྒང་ཡིན། ས་ཡོམ་བརྒྱབ་རྗེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སོགས་འགོ་ཁྲིད་གཙོ་བོས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་བྱ་ཐབས་ནུས་ལྡན་སྤྱད་དེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་དང་མང་ཚོགས་ཚོ་བདེ་འཇགས་དང་སྤྲོ་སྣང་ལྡན་པའི་ངང་ཀོང་པོའི་ལོ་གསར་ཡག་པོ་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། ཀོང་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ཀྱང་ཁ་པར་ཐོག་ནས་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་དང་འབྲེལ་འཚམས་འདྲི་ཡང་གནང་ཡོད་པ་རེད།
         གོང་ཚེས་ཉིན་གྱི་སྔ་དྲོ་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འཕྲལ་མ་ཉིད་དུ་འཕྲལ་སྡོམ་དང་ལེན་གྱི་ཉེན་ཟོན་ཉེན་བརྡའི་སྔོན་ཇུས་ལག་བསྟར་བྱས་པ་དང་ཏང་སྲིད་དམག་ཉེན་དམངས་ཀྱིས་འཕྲལ་མར་འབོད་སྐུལ་དང་ལེན་ཞུས་པ་དང་། ཁ་གཏད་ཧུར་ཐག་གཅོག་པ། སྤྱི་ཡོངས་མཉམ་འགུལ་བཅས་བྱས་ཏེ་མིག་སྔར་རོགས་སྐྱོབ་སྟོབས་ཤུགས་མི་ཐེངས་4473དང་འཁོར་རིགས་387མངགས་ཏེ་གེགས་རྗེས་རོགས་སྐྱོབ་ལས་དོན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་རེད། གོང་ཚེས་ཉིན་གྱི་ཆུ་ཚོད་10དང་སྐར་མ་30ལ་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་དམངས་སྲིད་པུས་བོད་ལྗོངས་སྨན་གླིང་དུ་ས་ཡོམ་རིམ་པ་6.9བརྒྱབ་པར་དམིགས་ཏེ་རྒྱལ་ཁབ་ཀྱི་Ⅳརིམ་པའི་གེགས་སྐྱོབ་འཕྲལ་སྡོམ་དང་ལེན་ལག་བསྟར་ཧུར་ཐག་བྱས་ནས་ལས་དོན་ཚོགས་ཆུང་གེགས་ཁུལ་དུ་མངགས་པ་དང་གནོད་འཚེའི་གནས་ཚུལ་ལ་ཞིབ་བཤེར་བརྟག་དཔྱད་བྱས་ནས་ས་གནས་ལ་གེགས་འགོག་གེགས་སེལ་གྱི་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།