འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།དངོས་དངོས་རྗེན་རྗེན་གྱི་ཀྲུང་གོ་མྱོང་ཚོར་བྱེད་པ། 

    —— ཨ་རིའི་ཨན་ཧྲེང་ཐེབས་རྩ་ལྷན་ཚོགས་ཀྱི"གཞོན་ནུ་སློབ་ཁྲིད་ཕོ་ཉ"ཀྲུང་གོར་བསྐྱོད་པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་19ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཨ་རིའི་བུ་མོ་ཤིས་སེ·ཝེར་ཤུན་གྱི་ཟླ་9ཚེས་26ཉིན་གྱི་དཔོད་ཁུག་ཉིན་ཐོའི་ནང“དེ་རིང་རང་ཉིད་ལོ་22ཏག་ཏག་སོན་པའི་ཉིན་ཡིན་པ་དང་སྐྱེས་སྐར་དེ་ངས་ཀྲུང་གོར་བཏང་བ་ཡིན། ངའི་སློབ་ཕྲུག་ཚོས་འདས་ཟིན་པའི་གཟའ་འཁོར་གཅིག་ནང་ངར་སྐྱེས་སྐར་ལ་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་བྱུང་། དེ་ག་ནས་ངས་བརྩེ་སེམས་ཆེན་པོ་མྱོང་ཚོར་ཐུབ་བྱུང”ཞེས་བྲིས་ཡོད།
         ཨ་རིའི་ཨན་ཧྲེང་ཐེབས་རྩ་ལྷན་ཚོགས་ཀྱི“ཨན་ཧྲེང་ཀྲུང་གོའི་ལོའི”རྣམ་གྲངས་གཤམ་འོག་གི“གཞོན་ནུ་སློབ་ཁྲིད་ཕོ་ཉ”ཡིན་པའི་ངོས་ནས་སློབ་ཆེན་ཐོན་མ་ཐག་པའི་ཝེར་ཤུན་འདི་ལོའི་ཟླ་8པའི་ཟླ་མཇུག་ཏུ་ཀྲེ་ཅང་ཞིང་ཆེན་ཆུས་ཀྲོའུ་གྲོང་ཁྱེར་ཅང་ཧྲན་ཚོད་ལྟ་སློབ་ཆུང་དུ་དབྱིན་ཡིག་སློབ་ཁྲིད་བྱེད་པར་སླེབས་པ་དང་། ཁོང་གིས་དེ་གར་ལོ་གཅིག་རིང་གི་སློབ་ཁྲིད་འཚོ་བ་སྐྱེལ་རྒྱུ་དང་འབྲེལ་ཀྲུང་གོའི་འཚོ་བ་ཉམས་ལེན་བྱ་རྒྱུ་རེད།
        གཟའ་འཁོར་རེར་སློབ་ཚན་18དང་སློབ་ཚན་རེར་སྐར་མ་35འཚོགས་དགོས་པས་ཝེར་ཤུན་གྱིས་སློབ་ཚན་ཧ་ཅང་མང་པོ་ཁྲིད་དགོས་ཀྱི་ཡོད། ཡིན་ནའང་ཨ་རིའི་ལོ་རབས་དགུ་བཅུའི་ནང་སྐྱེས་པའི་བུ་མོ་དེས་སྤྲོ་སེམས་ཆེན་པོ་འཕེལ་བཞིན་ཁོང་གིས་བརྙན་ལམ་ནང་ཀྲུང་གོར་འཚོ་བ་སྐྱེལ་བའི་སྐོར་ཟིན་ཐོ་བཀོད་པ་སྟེ། ཞོགས་པ་སྐར་མ་20བེད་སྤྱད་དེ་རྐང་འཁོར་བཞོན་ནས་སློབ་གྲྭར་འགྲོ་བ་དང་ཨ་ཁུ་སྐུ་སྲུང་ལགས་ཀྱིས་ཁོང་ལ་གད་མོ་འཚེར་འཚེར་ངང་ལག་བརྡ་བྱེད་པ་དང་། སློབ་ཚན་ཐོག་རྐང་འཁྲབ་ལག་འཁྲབ་བྱ་རྒྱུར་དགའ་བའི་ཝེར་ཤུན་གྱིས་ཕྲུ་གུ་ཚོའི་སྤྲོ་སྣང་འཕེལ་བར་བྱས་ནས་ཁོང་ཚོར་འཚེར་སྣང་མེད་པར་དབྱིན་སྐད་རྒྱག་ཏུ་འཇུག་པ། སློབ་གསེང་དུ་ཕྲུ་གུ་ཚོས་ཝེར་ཤུན་ལ་ཨང་ཀི་ཀློག་པ་ནས་འགོ་བཙུགས་ཏེ་ངོ་གདོང་ཆུང་ཆུང་བཅུ་གྲངས་ཁ་ཤས་པར་ཆས་མདུན་དུ་འཚང་ཁ་བརྒྱབ་ནས་སྒྲ་གདངས་གསལ་པོས་རྒྱ་སྐད་སློབ་པ་ལ་སོགས་རེད།
        ཝེར་ཤུན་གྱིས་ཁ་པར་ནང་བཅར་འདྲི་དང་ལེན་ཞུ་སྐབས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར“སློབ་ཕྲུག་དེ་དག་ནི་གྲུང་ཤ་དོད་པ་ཞིག་འདུག་པས་ངའི་བསམ་ཡུལ་ནང་དང་གཏན་ནས་འདྲ་གི་མི་འདུག་ལ་ཀྲུང་གོའང་ངའི་བསམ་ཡུལ་ལས་འདས་པ་ཞིག་འདུག”ཅེས་བཤད།
        ཨ་རིའི་གཞོན་ནུ་དེ་བས་མང་བར་གོ་སྐབས་ཤིག་སྤྲད་དེ་དངོས་ཡོད་ཀྱི་ཀྲུང་གོ་ཞིག་མྱོང་ཚོར་ཐུབ་པ་བྱ་རྒྱུ་དེ་ཨན་ཧྲེང་ཐེབས་རྩ་ལྷན་ཚོགས་ཀྱིས“གཞོན་ནུ་སློབ་ཁྲིད་ཕོ་ཉ”འདེམས་པའི་ཐོག་མའི་དམིགས་ཡུལ་ཡིན་པ་དང་ཐེབས་རྩ་ལྷན་ཚོགས་ཀྱི་ལག་བསྟར་ཀྲུའུ་རེན་སི་ཏི་ཕེན·ཧྲི་སྨི་སིས་(རྒྱ་ཡིག་མིང་ལ་ཧྲི་དབྱི་ཐེན་བརྗོད་པ)ཉེ་ཆར་ཝ་ཧྲིང་ཐོན་དུ་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།
        ཧྲི་དབྱི་ཐེན་གྱིས“ཨན་ཧྲེང་ཀྲུང་གོའི་ལོའི”རྣམ་གྲངས་2013ལོར་ལག་ལེན་བསྟར་འགོ་ཚུགས་པ་ནས་ད་བར་ཨ་རིའི་སློབ་ཆེན་ཐོན་པའི་སློབ་མ་500ལྷག་ཙམ་ཀྲུང་གོའི་ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་དུ་ཕྱི་རྒྱལ་སྐད་ཀྱི་དགེ་རྒན་བྱ་རྒྱུའི་རོགས་རམ་བྱས་པས་དངོས་དངོས་རྗེན་རྗེན་གྱི་ཀྲུང་གོ་ཞིག་མྱོང་ཚོར་ཐུབ་པ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
        ཧྲི་དབྱི་ཐེན་གྱིས་བདམས་ཐོན་པ་ཨ་རི་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བ་དང་། མི་རིགས་དང་ཤ་རྩི་དང་འཚར་ལོངས་ཁོར་ཡུག་མི་འདྲ་བ་ཤ་སྟག་ཡིན། ཁོང་ཚོས་ཨ་རིའི་ལུགས་ཀྱི་དབྱིན་ཡིག་ཁོ་ན་བསླབ་པ་ཙམ་མིན་པར་ཨ་རིའི་རིག་གནས་ཀྱང་སློབ་ཀྱི་ཡོད། “‘ཕོ་ཉ’གཅིག་གིས་ཐ་ན་ཀྲུང་གོའི་མཐོ་རིམ་སློབ་འབྲིང་གི་སློབ་གསེང་བྱེད་སྒོའི་ཁྲོད་ཨ་རིའི་ལུགས་ཀྱི་སྐྱུ་རུའི་སྤོ་ལོའི་སྤྲོ་སྐྱིད་ཁང་གཅིག་བཙུགས་པ་དྲན་གྱི་འདུག”ཅེས་བཤད།
        ཧྥེ་ཅི་ཉི་ཡ་ཀྲོའུ་མ་ལི་མོང་ཐེ་སློབ་ཆེན་ཐོན་པའི་སློབ་མ་ཤིས་ཨའོ་ཏུའོ·པེ་ལི་ཡང“གཞོན་ནུ་སློབ་ཁྲིད་ཕོ་ཉ”ཞིག་ཡིན་པ་དང་། དེ་གར་སླེབས་མ་ཐག་པའི་ཝེར་ཤུན་དང་མི་འདྲ་བར་པེ་ལི་འདི་གར་འཚོ་བ་བསྐྱལ་ནས་ལོ་གསུམ་འགྲོ་གི་ཡོད། ཁོང་དང་ཐོག་ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་སུང་དབྱང་རྫོང་སུང་དབྱང་སློབ་འབྲིང་དང་པོར་དབྱིན་ཡིག་དགེ་རྒན་བྱེད་མྱོང་བ་དང། ཀྲུང་གོར་དགའ་པོ་ཡོད་པའི་དབང་གིས་སླར་ཡང་ལོ་གཅིག་སྡོད་རྒྱུའི་རེ་འདུན་ཞུས་པ་རེད། འདི་ལོ་གྲོང་ཁྱེར་གྱི་འཚོ་བ་མྱོང་རོལ་བྱེད་འདོད་ཡོད་སྟབས་ལི་ཧྲུའེ་གྲོང་ཁྱེར་ནང་ཁུལ་དུ་སྤོས་པ་རེད།
        པེ་ལིས་གསར་འགོད་པའི་བཅར་འདྲིར་ལན་རྒྱག་པའི་སྦྲག་བསྐུར་ནང་ཁོང་གིས་རང་ཉིད་ཀྱི་སློབ་མར་དགའ་པོ་ཡོད་རུང་། སྐབས་འགར་ཨ་རིའི་མཐོ་རིམ་སློབ་འབྲིང་གི་སློབ་མ་བཞིན་ཧ་ཅང་འཚུབ་པོ་ཡོད་སྟབས་འཁང་རའང་བྱེད་ཀྱི་ཡོད་ཅེས་བཤད།
        ཀྲུང་གོར་འཚོ་བ་སྐྱེལ་བར་ཧ་ཅང་སྟབས་བདེ་པོ་ཡོད་པ་དེ་ཨ་རིའི་གྲོང་ཁྱེར་དུ་འཚར་ལོངས་བྱུང་བའི་ཕོ་གསར་དེའི་བསམ་ཡུལ་ལས་འདས་ཡོད། “འདི་གར་ལག་ཐོགས་ཁ་པར་ཤིག་ཡོད་ཚེ་དོན་དག་ཐམས་ཅད་སྒྲུབ་ཐུབ་ཀྱི་འདུག”ཅེས་པེ་ལིས་བཤད། དངུལ་སྤྲོད་པའམ་ཡང་ན་དྲ་ཐོག་ནས་ཉོ་ཚོང་གང་བྱེད་རུང་སྐད་འཕྲིན་དང་ཐའོ་པའོ་ཡོད་ཚེ་དོན་དག་ཚང་མ་སྒྲུབ་ཐུབ་པས་འདི་དག་ཨ་རིར་སྒྲུབ་ཐབས་མེད།
         ལྷའི་རིག་པའི་སློབ་ཚན་གཙོ་གནད་དུ་སྦྱོང་བའི་པེ་ལིས་རྒྱུན་དུ་རིག་གནས་མི་འདྲ་བ་མཉམ་སྤྱོད་དང་ཉམས་ལེན་བྱ་རྒྱུར་དགའ་པོ་ཡོད། ཁོང་གིས་དབྱིན་ཡིག་ཕུད་ཁོང་གི་ཀྲུང་གོའི་སློབ་མས་རང་ཉིད་ཀྱི་རིག་གནས་མྱོང་རོལ་ཐུབ་རེ་བྱེད་པ་དང་དུས་མཚུངས་ཕྱི་ནས་ཡོང་བའི་རིག་གནས་དང་ལེན་བྱེད་པ་དང་འབྲེལ་རྒྱབ་ལྗོངས་མི་འདྲ་བའི་མི་དང་སྤེལ་རེས་བྱེད་ཤེས་པ་བྱ་རྒྱུར་ཁྲིད་སྟོན་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
        པེ་ལིས་སྤེལ་རེས་བྱ་རྒྱུ་ནི་གལ་ཆེ་ཤོས་ཡིན། རོལ་རྩེད་རྩེ་བ་དང་ཕྱི་རྒྱལ་གྱི་སྐད་ཡིག་སློབ་སྦྱོང་བྱེད་པའམ་ཡང་ན་བྱ་ཐབས་གཞན་གང་ཡིན་རུང“ང་ཚོ་ཕན་ཚུན་སྤེལ་རེས་བྱས་ཚེ་ཆབ་སྲིད་ལས་ཐོན་པའི་བསམ་ཕྱོགས་ཀྱི་འགལ་བ་དང་སྨྱན་སྦྱོར་ལས་ཐོན་པའི་ཕྱོགས་ལྷུང་གི་ལྟ་ཚུལ་དེ་མེད་པར་འགྱུར་སྲིད”ཅེས་བརྗོད།
        ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་དབར་གྱི་དམངས་ཁྲོད་ཀྱི་སྤེལ་རེས་དང་ལྷག་པར་དུ་གཞོན་ནུའི་དབར་གྱི་སྤེལ་རེས་རིམ་བཞིན་མང་དུ་འགྲོ་བཞིན་ཡོད། འདི་ལོ་ཟླ་དགུ་པའི་ཟླ་མཇུག་ཏུ་ཨ་རིར་གཉེར་བའི་ཀྲུང་གོ་དང་ཨ་རིའི་སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དབར་གྱི་རེས་སྐོར་དང་པོའི་གླེང་མོལ་ཐོག་གཞོན་ནུའི་དབར་གྱི་སྤེལ་རེས་ནི་བཀྲག་མདངས་འཚེར་ས་ཆེ་ཤོས་དེ་རེད། ཀྲུང་ཨའི་གཞོན་ནུའི་མངོན་འགྱུར་བའི་ལྟེ་གནས་སྤྱོད་འགོ་ཚུགས་ཚུན་ཀྲུང་ཨའི་སློབ་འབྲིང་སློབ་མའི་སྐྱེས་པའི་ལན་ཆིའུ་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་སྤེལ་བ་དང་། སླར་ཡང་ཆའོ་ཀྲི་·ཝ་ཧྲིང་ཐོན་སློབ་ཆེན་དུ་ཀྲུང་ཨའི་གཞོན་ནུའི་དབར་རྣོ་ངར་ཆེ་བའི་གླེང་མོལ་བྱས་པ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། ཕན་ཚུན་ཤེས་རྟོགས། ཕན་ཚུན་སྤེལ་རེས་བཅས་ཀྱི་སྤྲོ་སེམས་མངོན་ཡོད།
        ཨན་ཧྲེང་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་ཁོངས་ཨ་རི་ནས་ཡིན་པའི་ཀྲུང་གོ་བ་ཀྲང་ཝུའུ་ཧྭ་ཡིས་གསར་འགོད་པར་ཨ་རིའི་གཞོན་ནུས་ཀྲུང་གོ་ཤེས་རྟོགས་ཐུབ་ཆེད་ཁོང་ཉིད“ཀྲུང་གོར་ཉེ་པོ་བྱེད་མཁན་ཕྱོགས་ཁག”ཏུ་འགྱུར་མི་སྲིད་ཀྱང“ཀྲུང་གོ་རྒྱུས་མངའ་ཡོད་པའི་ཕྱོགས་ཁག”ཅིག་ཏུ་གྱུར་སྲིད་པས་ཁོང་གིས་ཉེ་འགྲམ་གྱི་གཉེན་ཉེ་དང་གྲོགས་པོར་རང་ཉིད་ཀྱི“ཀྲུང་གོའི་གཏམ་རྒྱུད”བརྗོད་སྲིད་ཅེས་བཤད་བྱུང་།
        པེ་ལིས་ཀྲུང་གོར་བསྐྱོད་ཟིན་རྗེས་རང་ཉིད་ཨ་རིར་ལོག་ནས་མུ་མཐུད་སློབ་སྦྱོང་བྱ་རྒྱུ་མ་ཟད། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཐད་མུ་མཐུད་དོ་སྣང་བྱ་རྒྱུ་ཡིན་ཞེས་བརྗོད།
        ཁོང་གིས་ཀྲུང་གོར་སྡོད་རིང་གི་ཉམས་མྱོང་ལས་སྣ་མང་རང་བཞིན་ཁས་ལེན་བྱས་ཚེ་གཞི་ནས་འཛམ་གླིང་རྒྱུས་མངའ་ལོན་ཐུབ་པའི་མྱོང་ཚོར་དངོས་བྱུང་ཡོད། “ང་ཚོ་རིག་གནས་མི་འདྲ་བའི་ཁུལ་ནས་ཡོང་རྒྱབ་ལྗོངས་ལྡན་ཡང་དེས་ང་ཚོ་ཁ་འབྲལ་གཏོང་མི་ཐུབ”ཅེས་བརྗོད།
         ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝ་ཧྲིང་ཐོན་ནས་འབྱོར་པའི་གློག་འཕྲིན་གཞིར་བཟུང་།
      

    ཕྱོགས་བསྡུས་གསར་འགྱུར།