འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འཕེལ་རྒྱས་ཀྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱ་རྒྱུའི་རེ་སྒུག་བྱེད་པ། 

    —— པར་ཙིར་གྱི་མ་ཐོ་ཀེ་ལོ་སུའོ་ཀྲོའུ་ཡི་ཀྲོའུ་ཀྲང་ཐ་ཅི་སི་ལ་བཅར་འདྲི་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་19ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         པར་ཙིར་གྱི་མ་ཐོ་ཀེ་ལོ་སུའོ་ཀྲོའུ་ཡི་ཀྲོའུ་ཀྲང་ཕེ་ཏེ་ལོ·ཐ་ཅི་སིས་ཉེ་དུས་ཆེད་མངགས་རྒྱ་ཡིག་གི་མིང་ཤོག་བཟོས་པ་དེ་ནི་ཀྲུང་གོར་འཚམས་འདྲི་བྱ་རྒྱུའི་ཐད་གྲ་སྒྲིག་བྱས་པ་ཞིག་རེད། སླད་ཕྱིན་ཉིན་ཁ་ཤས་ནང་ཁོང་གིས་ཚོགས་པའི་སྣེ་འཁྲིད་དེ་པེ་ཅིང་དུ“ཀྲུང་གོ་དང་པར་ཙིར་གྱི་ཁེ་ལས་སྦྲེལ་མཐུད་ཚོགས་འདུ་དང་མ་ཐོ་ཀེ་ལོ་སུའོ་ཀྲོའུ་ངོ་སྤྲོད་འོས་སྦྱོར་ཚོགས་འདུ”འཚོག་རྒྱུ་དང་འབྲེལ་ཀྲུའུ་ཧའེ་རུ་གཉེར་རྒྱུ་ཡིན་པའི་སྐབས་དང་པོའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ནང་ཞུགས་རྒྱུ་རེད།
         ཉིན་ཤས་གོང་། བཅར་འདྲི་དང་ལེན་ཞུ་སྐབས་ཐ་ཅི་སིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་འཐུས་མི་ཚོགས་པས་ཀྲུང་གོར་འཚམས་འདྲི་བྱ་རྒྱུའི་ཐད་རེ་སྒུག་ཆེན་པོ་བྱེད་པ་དང་ཀྲུང་གོ་དང་དཔལ་འབྱོར་ཉོ་ཚོང་བྱ་རྒྱུ་སྔར་བས་རྒྱ་ཆེར་འགྲོ་རེ་བྱེད་ཀྱི་ཡོད་ལ་ཀྲུང་གོའི་འཕེལ་རྒྱས་ཀྱི་སྔོན་ཐོན་ཉམས་མྱོང་སྦྱོང་ཐུབ་རེའང་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
        “ཚད་ལེན་ཞིབ་རྩིས་བྱས་པར་གཞིགས་ན། 2017ལོར་པར་ཙིར་རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕར་ཚད་1%ཀྱང་ཟིན་མེད་མོད། འོན་ཀྱང་ང་ཚོའི་ཀྲོའུ་ཡི་འཕར་ཚད་5.1%ཟིན་རེ་ཡོད། ང་ཚོའི་ཀྲོའུ་ནི་པར་ཙིར་གྱི་ཞིང་ལས་ཀྲོའུ་གཙོ་ཆེ་ཤོས་དེ་ཡིན་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་ལྡན་ཡོད། ང་ཚོས་ཀྲུང་གོ་ཉིད་འཐབ་ཇུས་རོགས་ཟླ་གལ་ཆེན་ཞིག་ཏུ་བརྩི་ཡི་ཡོད”ཅེས་ཐ་ཅི་སིས་བརྗོད་པ་རེད།
        “ང་ཚོས་རྨང་གཞིའི་སྒྲིག་བཀོད་དང་། ཟོག་འགྲེམས། སློབ་གསོ། ཚན་རྩལ་གསར་གཏོད། ཞིང་ལས་བཟོ་ལས། འཁེལ་འཐག་ལས་རིགས། གཏེར་འདོན་ལས་རིགས། ཡུལ་སྐོར་ལས་རིགས། ཉི་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རོགས་ཟླ་བཙལ་འདོད་ཡོད། ཀྲུང་གོ་དང་དཔལ་འབྱོར་ཉོ་ཚོང་སྔར་ལས་རྒྱ་ཆེར་གཏོང་རེ་ཡོད་ལ་ཀྲུང་གོའི་མ་འཇོག་པས་དེ་བས་རྒྱ་ཁྱབ་ངང་མ་ཐོ་ཀེ་ལོ་སུའོ་ཀྲོའུ་ཡི་དཔལ་འབྱོར་ཁྱབ་ཁོངས་ནང་ཞུགས་ནས་ང་ཚོའི་ཀྲོའུ་ཡི་བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རེ་ཡོད”ཅེས་ཐ་ཅི་སིས་བརྗོད་པ་རེད།
        “མ་ཐོ་ཀེ་ལོ་སུའོ་ཀྲོའུ་ཡིས་ཀྲུང་གོའི་སྔོན་ཐོན་ཉམས་མྱོང་སྦྱོང་བ་དང་རྨང་གཞིའི་སྒྲིག་བཀོད་དང་། གསར་གཏོད། མ་འཇོག་དང་མ་རྩ་བསྡུ་སྒྲིལ། སློབ་གསོ་སོགས་ཁྱབ་ཁོངས་ཐད་ཕུགས་ཕན་འཆར་འགོད་དང་ནུས་ཆེའི་དོ་དམ་བྱ་རྒྱུའི་རེ་བ་ཡོད”ཅེས་ཁོང་གིས་བརྗོད་པ་རེད།
        དུས་རབས་20པའི་ལོ་རབས་90པར་ཀྲོའུ་དེ་དང་མཛའ་གྲོགས་ཞིང་ཆེན་དང་ཀྲོའུ་ཡི་གྲོས་མཐུན་བཞག་པའི་ཧྲའན་ཤིས་ཞིང་ཆེན་སྐོར་གླེང་སྐབས་ཐ་ཅི་སིས་ཕྱོགས་གཉིས་པོའི་སྲིད་གཞུང་གིས་ལྕག་སྐུལ་བྱེད་ཐབས་སྤྱད་དེ་མཛའ་གྲོགས་གྲོས་མཐུན་ཞིབ་ཚགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་མ་འཇོག་པ་དེ་བས་མང་བས་མ་ཐོ་ཀེ་ལོ་སུའོ་ཀྲོའུ་ལ་རྒྱུས་མངའ་དང་ཤེས་རྟོགས་གཏིང་ཟབ་བྱས་ནས་དེར་མ་འཇོག་བྱེད་དུ་ཡོང་སྟེ་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།