འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཧའེ་འར་ཚོགས་པས་རྒྱ་གར་བཟོ་ལས་གླིང་དུ་ཐོན་སྐྱེད་བྱེད་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་18ཉིན། 12:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་16ཉིན་རྒྱ་གར་གྱི་མ་ཧ་ལ་ཧྲེ་ཐེ་ལ་མངའ་སྡེ་ཕུའུ་ན་གྲོང་ཁྱེར་གྱི་བཟོ་ལས་གླིང་དུ་ཡོད་པའི་ཀྲུང་གོ་ཧའེ་འར་ཚོགས་པས་རྒྱས་སྐྲུན་ཐོན་སྐྱེད་བྱེད་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། དེ་ནི་ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་ཁེ་ལས་ཀྱིས་རྒྱ་གར་གྱི་བཟོ་ལས་གླིང་དུ་བཟོ་གྲྭ་བཙུགས་ཐེངས་དང་པོ་དེ་ཡིན་པ་རེད།
         གྲངས་གཞི་ལས་མངོན་དོན། བཟོ་ལས་གླིང་གི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་16ཡོད་པའི་ནང་གསར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་13.9ཟིན་ནས་བཟོ་ཁང་གསར་པ་གཉིས་དང་དེ་བཞིན་འབྲེལ་ཡོད་ལེ་ལག་ཚང་བའི་སྒྲིག་བཀོད་ཡོད་པ་རེད། དེར་བརྟེན་ཧའེ་འར་གྱི་རྒྱ་གར་གྱི་འཁྱགས་སྒམ་ཐོན་ནུས་ཁྲི་180བར་མང་དུ་འགྲོ་རྒྱུ་དང་། ཆུ་ཚ་པོ་བཟོ་ཆས་དང་། གོས་འཁྲུད་འཕྲུལ་ཆས། མཁའ་རླུང་སྙོམས་སྒྲིག་འཕྲུལ་ཆས། བརྙན་འཕྲིན་བཅས་ཀྱི་ཐོན་ནུས་སོ་སོར་ཁྲི་50འཕར་རྒྱུ། ཐད་ཀའི་ལས་ཞུགས་ལས་གནས་2000ཙམ་དང་གཞན་བརྒྱུད་ལས་ཞུགས་ལས་གནས་ཁྲི་1ཙམ་འཕར་རྒྱུ་བཅས་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། འཁོར་ཁང་གསར་པ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། ཐོན་སྐྱེད་བྱས་པའི་གློག་ཆས་ཐོན་རྫས་ཀྱིས་རྒྱ་གར་གྱི་གྲོང་མིའི་དགོས་མཁོ་སྐོང་ཐུབ་རྒྱུ་མ་ཟད། ད་དུང་ཨེ་ཤེ་ཡ་ལྷོ་མ་དང་། དབུས་ཤར། ཨ་ཧྥེ་རི་ཁ་སོགས་ས་ཁུལ་དུ་ཡང་ཕྱིར་གཏོང་བྱ་རྒྱུ་རེད།
         དེ་ཉིན་མ་ཧ་ལ་ཧྲེ་ཐེ་ལ་མངའ་སྡེའི་དབུ་བཞུགས་པུའུ་ཀྲང་ཧྥ་ཏེ་ན་ཝུའེ་སི་དང་། འབོམ་འབེལ་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཀྲེང་ཤིའི་ཡོན། རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དཔལ་འབྱོར་ཚོང་དོན་ཚན་ཙན་ལི་པོའོ་ཅུན་སོགས་ཀྲུང་རྒྱ་ཕྱོགས་གཉིས་པོའི་དཔོན་རིགས་ཐོན་སྐྱེད་བྱེད་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།