འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ནང་ཀྲུང་གོའི་ལུས་རྩལ་ཚོགས་པར་
    རྒྱལ་ཁ་ལེན་ཚད་ཇི་འདྲ་འདུག་གམ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་17ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།2020ལོའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ནང་ཀྲུང་གོའི་ལུས་རྩལ་ཚོགས་པར་
རྒྱལ་ཁ་ལེན་ཚད་ཇི་འདྲ་འདུག་གམ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་28ཉིན། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་དེ་ཉིན་སྟོང་ཕྲག་གཅིག་ནས་ལྡོག་རྩིས་བྱེད་འགོ་ཚུགས་པ་རེད། མིག་ལྡེབ་ཚད་ཙམ་ལ། སྐབས་རྗེས་མའི་དབྱར་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དགྱེས་སྟོན་ཤར་ལ་ཉེ་བཞིན་ཡོད་པ་རེད། ཤར་རླུང་ལྡང་ལ། རྔ་ཆེན་རྡུང་། 2020ལོའི་ཐེ་ཁོའོ་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ལ་རེ་སྨོན་ཆེན་པོ་བཅངས་ཡོད་པས། ཛ་དྲག་གི་འགྲན་རྩོད་ཅིག་དང་། ལོ་རྒྱུས་དང་དོན་དངོས་ཀྱི་སྤེལ་རེས་ཤིག་ཡིན་པ་གདོན་མི་ཟའོ།
         ཨ་མེ་རི་ཁ་དང་། དབྱིན་ཇི། ཨུ་རུ་སུ་བཅས་ཀྱིས་གྲ་སྒྲིག་ལེགས་པོར་བྱས་ཏེ་དགྲ་སྟ་ནགས་ལ་རེ་བའི་ཚུལ་དུ་སྣང་། འགན་གཉེར་བ་ཉི་ཧོང་གིས་དེ་བས་ཀྱང་གྲ་སྒྲིག་ཕུན་སུམ་ཚོགས་པོ་བྱས་ཏེ་ཨ་ཤེ་ཡའི་ཨང་དང་པོ་དང་། འཛམ་གླིང་གི་ཨང་གཉིས་པ་ལེན་པའི་རེ་བ་བཅངས་ཡོད་པ་རེད། འཛམ་གླིང་གི་ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཐོ་ཁེའོ་རུ་འགྲན་རྩོད་བྱ་རྒྱུ་ཡིན་པས། པེ་ཅིང་ཨོ་རྩལ་འགྲན་ཚོགས་རྗེས་སུ་གྲུབ་འབྲས་ཞན་དུ་འགྲོ་བཞིན་པའི་ཀྲུང་གོའི་ལུས་རྩལ་དཔུང་ཚོགས་ཀྱི་གནས་བབ་ཛ་དྲག་ཅིག་ཏུ་ལྷུང་ཡོད་པ་རེད།
         2008ལོ་ནས་ད་ལྟ་བར་དུ། ཨོ་རྩལ་འགྲན་ཚོགས་ཐེངས་གསུམ་སྤེལ་ཡོད་ལ། ཀྲུང་གོའི་གསེར་གྱི་རྟགས་མ་བསྡོམས་གྲངས་ཀྱང་བསྟུད་མར་ཉུང་དུ་སོང་ཞིང་། ཨང་རིམ་དང་པོ་ནས་གསུམ་པར་ལྷུང་ཡོད་པ་རེད། 2020ལོའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ནི་ཀྲུང་གོས་ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་མགྱོགས་མྱུར་འཛུགས་སྐྱོང་བྱེད་པའི་འབད་བརྩོན་དམིགས་ཡུལ་ཁྲོད་ཀྱི་གལ་ཆེན་གནས་ཤིག་རེད། ཀྲུང་གོའི་ལུས་རྩལ་པ་ཚོའི་ཕྲག་ཏུ་དཀའ་སྤྱད་སྡུག་རུས་དང་གཟི་བརྗིད་སླར་བརྩོན་གྱི་འོས་འགན་ཆེན་པོ་ཞིག་ཁུར་ཡོད། གནས་བབ་ཛ་དྲག་ཡིན་ལ། རྣམ་གཡེང་དལ་ལྷོད་བྱེད་དབང་མེད་པ་ཞིག་རེད།
         ལས་རིགས་ཁོངས་གཏོགས་ཀྱི་ཆེད་མཁས་པས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་དུས། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་སུ། ཀྲུང་གོའི་ལུས་རྩལ་དཔུང་ཚོགས་ཀྱིས་ཨ་མེ་རི་ཁ་དང་ཨུ་རུ་སུ། དབྱིན་ཇི། ཉི་ཧོང་བཅས་བཞི་དང་གསེར་གྱི་རྟགས་མའི་འགྲན་རྩོད་ཛ་དྲག་ཡིན་ཚུལ་བསྟན་པ་རེད།
         ཨོ་རྩལ་འགྲན་ཚོགས་སུ། རྒྱལ་ཁ་ནི་གསེར་གྱི་རྟགས་མ་ཐོབ་མཁན་ཁོ་ནར་གཏོགས་པ་མ་རེད། ང་ཚོས་རྒྱལ་ཕམ་ལས་དཔའ་བོ་ཡིན་མིན་བརྗོད་མི་རུང་། རང་ཉིད་ལ་འགྲན་སློང་དང་རང་ཉིད་ལས་རྒྱལ་བའི་ལུས་རྩལ་པ་ཚང་མར། ང་ཚོས་གུས་འདུད་ལྷད་མེད་ཞུ་དགོས། ཁོང་ཚོའང་བརྩི་བཀུར་དང་གཟེངས་བསྟོད་འོས་པའི་རྣམ་པར་རྒྱལ་མཁན་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།