འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིའི་ཉེན་རྟོག་ཕྱོགས་ཀྱིས་གེ་ལུན་ཧྥེར་ཐོག་བརྩེགས་ཁང་ལ་མེ་སྐྱོན་བྱུང་སྟེ་ཁྱོན་བསྡོམས་
    མི་71རྐྱེན་ལམ་དུ་ཤོར་ཚུལ་བསྒྲགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་17ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དབྱིན་ཇིའི་ཉེན་རྟོག་ཕྱོགས་ཀྱིས་གེ་ལུན་ཧྥེར་ཐོག་བརྩེགས་ཁང་ལ་མེ་སྐྱོན་བྱུང་སྟེ་ཁྱོན་བསྡོམས་
མི་71རྐྱེན་ལམ་དུ་ཤོར་ཚུལ་བསྒྲགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་16ཉིན། དབྱིན་ཇིའི་ཉེན་རྟོག་ཕྱོགས་ཀྱིས་ད་ལོའི་ཟླ་6པར་གེ་ལུན་ཧྥེར་ཐོག་བརྩེགས་ཁང་ལ་མེ་སྐྱོན་བྱུང་སྐབས་མི་71རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མངལ་དུ་ཡོད་པའི་ཕྲུ་གུ་ཞིག་ཀྱང་འདུས་ཡོད་ཅེས་བསྒྲགས་པ་རེད།
         ལུན་ཏོན་ཉེན་རྟོག་ཅུད་ཀྱིས་ཉིན་དེའི་གསལ་བསྒྲགས་ཤིག་ཏུ། ཉེན་རྟོག་ཕྱོགས་ཀྱིས་ཐོག་བརྩེགས་ཁང་གི་ཁང་མིག་དང་སྤྱི་པའི་ཁྱབ་ཁོངས་རེ་རེར་ཞིབ་བཤེར་ནན་པོ་བྱས་པ་དང་། ཉེ་སྔོན་རྐྱེན་ལམ་དུ་ཤོར་མཁན་ཚོའི་ཁྲོད་ཀྱི་མི་གཉིས་ཀྱི་ཐོབ་ཐང་གཏན་འཁེལ་མ་ཐུབ་པས། ཉེན་རྟོག་ཕྱོགས་ཀྱིས་མེ་སྐྱོན་དེའི་ནང་རྐྱེན་ལམ་དུ་ཤོར་མཁན་ཚང་མའི་བེམ་རོ་རྙེད་པ་མ་ཟད། དེ་ཚོའི་ཐོབ་ཐང་ཡང་གཏན་འཁེལ་བྱས་ཡོད་ཅེས་བཀོད་ཡོད་པ་རེད།
         ལུན་ཏོན་ཉེན་རྟོག་ཅུད་ཀྱི་ཐེངས་དེའི་མེ་སྐྱོན་གྱི་དོན་རྐྱེན་ཐག་གཅོད་ཀྱི་འགན་ཁུར་བཀོད་འདོམས་པ་སི་ཐུར་ཐི་•ཁུན་ཏི་ཡིས་ད་ལམ་ཉེན་རྟོག་ཕྱོགས་ཀྱིས་མེ་སྐྱོན་གྱི་དོན་རྐྱེན་ལ་ཉེས་དོན་བརྟག་དཔྱད་བྱེད་བཞིན་ཡོད་ལ། ཚོད་དཔག་བྱས་ན། བརྟག་དཔྱད་ལས་དོན་ནི་ཉུང་མཐར་ཡང་2018ལོའི་དཔྱིད་ཀ་བར་བྱེད་དགོས་འདུག ཉེན་རྟོག་ཕྱོགས་ཀྱི་གཙོ་གནད་བརྟག་དཔྱད་བྱེད་གནས་ནི་ཐོག་བརྩེགས་ཁང་གི་ཉམས་གསོ་དང་བསྐྱར་བཟོའི་ལས་རིམ་དང་། དོ་དམ་དང་མེ་གསོད་མེ་འགོག་བདེ་འཇགས་ཀྱི་ཡོང་ཐབས་ཐོག་ལ་བཞག་ཡོད་ལ། མེ་སྐྱོན་བྱུང་བ་དང་དེ་ནས་སྡོད་ཁང་ནང་དུ་འཕྲལ་མར་ཁྱབ་པའི་རྒྱུ་རྐྱེན་ཡང་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ལུན་ཏོན་གྲོང་ཁྱེར་ཞིན་ཏོན་ཁུལ་གྱི་གེ་ལུན་ཧྥེར་ཐོག་བརྩེགས་ཁང་ལ་2017ལོའི་ཟླ་6ཚེས་14ཉིན་གྱི་ཞོགས་པར་མེ་སྐྱོན་བྱུང་ལ། མེ་སྐྱོན་བྱུང་དུས། ཐོག་རིམ་24ཡོད་པ་དེ་རུ་དུད་ཁྱིམ་400ནས་600ཙམ་ཡོད་པ་རེད། དབྱིན་ཇིའི་ཉེན་རྟོག་ཕྱོགས་ཀྱིས་ཟླ་6ཚེས་19ཉིན་མི་79མེ་སྐྱོན་ནང་རྐྱེན་ལམ་དུ་ཤོར་བའམ་ཡང་ན་གྲོངས་པར་བརྩིས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།