འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡས་ནུས་རྒྱུ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་16ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་སྐབས་ལྔ་པའི་ནུས་རྒྱུའི་གླེང་སྟེགས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐར་འཚོགས་ཤིང་། ཕྱོགས་གཉིས་པོས་ནུས་རྒྱུ་མཉམ་ལས་སྐོར་གྱི་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་པ་རེད།
         གླེང་སྟེགས་དེ་ཀྲུང་གོའི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་ནུའུ་ཨར་·པའེ་ཁེ་ལི་དང་ཧིན་རྡུ་ཉི་ཞི་ཡའི་ནུས་རྒྱུ་དང་གཏེར་ཐོན་ཐོན་ཁུངས་པུའུ་ཀྲང་ཙོ་ནན་གྱིས་གཙོ་སྐྱོང་བྱས་པ་རེད།
         ཧིན་རྡུ་ཉི་ཞི་ཡས“རྒྱུད་གཅིག་ལམ་གཅིག”གྱི་སྒྲོམ་གཞིའི་འོག་ཀྲུང་གོ་དང་ནུས་རྒྱུའི་མཉམ་ལས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་འདོད་ཡོད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོའི་གློག་ཤུགས་ཁེ་ལས་ཧིན་རྡུ་ཉི་ཞི་ཡའི་གློག་ཤུགས་འཛུགས་སྐྲུན་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ནས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་རྒྱ་ཁྱབ་ངང་སྤྱོད་རྒྱུར་སྲིད་ཇུས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་འདོད་ཡོད། ཧིན་རྡུ་ཉི་ཞི་ཡས་ཕྱོཌ་གཉིས་པོའི་རྡོ་སོལ་དང་སྣུམ་རླངས་ཚོང་དོན་མཉམ་ལས་ལ་བློ་ཡིད་ཚིམ་པོ་བྱུང་བ་དང་། སླད་ཕྱིན་ཀྲུང་གོའི་སྣུམ་རླངས་ཁེ་ལས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་སྟོད་རྒྱུད་ཀྱི་སྣུམ་རླངས་རྩད་ཞིབ་གསར་སྤེལ་དང་སྨད་རྒྱུད་ཀྱི་ཐོན་རྫས་ལས་སྣོན་ནང་དེ་བས་ལེགས་པའི་སྒོ་ནས་ཞུཌ་རྒྱུའི་རེ་བ་ཡོད་ཅེས་ཙོ་ནན་གྱིས་བཤད་པ་རེད།
         ནུའུ་ཨར་·པའེ་ཁེ་ལི་ཡིས་ཧིན་རྡུ་ཉི་ཞི་ཡའི་སྣུམ་རླངས་དང་། རྡོ་སོལ། ཆུ་ནུས། ས་འོག་ཚ་ནུས་བཅས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་གོ་ལ་ཧྲིལ་པོའི་ནུས་རྒྱུའི་ཁྲོམ་རའི་ནང་གནས་བབ་གལ་ཆེན་བཟུང་ཡོད། རྒྱལ་ཁབ་གཉིས་པོའི་ནུས་རྒྱུ་མཉམ་ལས་ལ་ཕན་ཚུན་གསབ་རེས་ཀྱི་རང་བཞིན་ཆེན་པོ་ལྡན་པ་མ་ཟད། ད་དུང་མདུན་ལམ་ཡང་ཡག་པོ་ཡོད། ལོ་དེ་དག་རིང་རྒྱལ་ཁབ་གཉིས་པོས་སྣུམ་རླངས་དང་། རྡོ་སོལ། གློག་ཤུགས། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་སུ་མཉམ་ལས་འབོར་ཆེན་བྱས་ནས་རྨང་གཞི་བརྟན་པོ་བཏིང་ཡོད། དུས་བབ་གསར་པའི་འོག་རྒྱལ་ཁབ་གཉིས་པོས་འཐབ་ཇུས་སྦྲེལ་མཐུད་དང་སྲིད་ཇུས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་མཉམ་ལས་ཀྱི་རྣམ་པ་གསར་གཏོད་བྱས་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།