འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་སྒོར་དུང་ཕྱུར་383ཟིན་པའི་ཆུ་ཤུགས་གློག་
    ཁང་རྣམ་གྲངས་ཀྱི་གན་རྒྱ་བཞག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་16ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་14ཉིན། ཀྲུང་གོ་ཀེ་ཀྲོའུ་ཆུ་རགས་ཚོགས་པ་ཀུང་སིས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ནང་དུ། ཀུང་སི་དེས་སྣེ་ཁྲིད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་མཉམ་འབྲེལ་ལས་གཉེར་ཚོགས་པས་ཉིན་ཤས་གོང་ནི་ཀྲེ་རི་ཡའི་རྒྱལ་ས་ཨ་པུའུ་ཅཱར་དང་ནི་ཀྲེ་རི་ཡ་རྒྱལ་ཕྲན་མཉམ་འབྲེལ་གློག་ཤུགས་དང་། ལས་གྲྭ་དང་སྡོད་ཁང་འཛུགས་སྐྲུན་པུའུ་བཅས་དབར་མོང་པེ་ལཱ་ཆུ་ཤུགས་གློག་ཁང་རྣམ་གྲངས་སྤྱི་ཡོངས་ནས་འགན་གཙང་ལེན་པའི་གན་རྒྱ་བཞག་པ་དེའི་མ་དངུལ་ཨ་སྒོར་དུང་ཕྱུར་57.92ཟིན་པ་དེ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་383ཟིན་གྱི་ཡོད་པ་རེད།
         རྣམ་གྲངས་འཛུགས་སྐྲུན་བྱེད་རིང་། ས་གནས་དེ་གའི་མི་5000ནས་མི་8000བར་ཐད་ཀར་གླ་རྒྱུ་དང་ལས་གྲྭ་དོ་དམ་པ་དང་ལག་རྩལ་ཤེས་ལྡན་པ་1000གསོ་སྐྱོང་བྱ་རྒྱུ་དང་ཆབས་ཅིག ས་གནས་དེ་གའི་འཛུགས་སྐྲུན་རྒྱུ་ཆ་ཐོན་སྐྱེད་དང་། ཐོན་རྫས་བཟོ་སྐྲུན། ཕྱོགས་བསྡུས་ཞབས་ཞུ་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ས་གནས་དེ་གའི་མི་ཁྲི་3ནས་ཁྲི་5ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་ཐེབས་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།