འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་
    གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་50ཙམ་ཟིན་པ།

    ན་ནིང་གི་དུས་མཚུངས་དང་བསྡུར་ན་22.1%འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་16ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལྷ་ས་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་བོད་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་47.28ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་22.1%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་21.32ཟིན་པ་དེ་2.5%ཆག་པ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་25.96ཟིན་པ་དེ་54.1%འཕར་བ། ཕྱི་ཕྱོགས་ཉོ་ཚོང་གི་གཏོང་ཉུང་འདྲེན་མང་གི་ཧེ་བག་སྒོར་དུང་ཕྱུར་4.64ཟིན་པ་དེ་7.4%ཆག་ཡོད།
         ད་ལོ་ཤར་ཚུན་བོད་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་ལྷག་པར་དུ་སྤྱིར་བཏང་ཉོ་ཚོང་གིས་མཐའ་མཚམས་ཀྱི་འབོར་ཉུང་ཉོ་ཚོང་ལས་སྙེགས་བརྒལ་བྱས་པས་ཕྱི་ཕྱོགས་ཉོ་ཚོང་ཁྲོད་ཀྱི་ཉོ་ཚོང་བྱེད་སྟངས་གཙོ་བོ་ཞིག་ཏུ་གྱུར་ཡོད། སྤྱིར་བཏང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཇེ་མཐོར་ཕྱིན་ཡོད་ལ་བསྡུར་གྲངས་བཟུང་ཚད་ཀྱང་མཐོ་རུ་ཕྱིན་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་སྤྱིར་བཏང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་29.99ཟིན་པ་དང་80.5%འཕར་བ་དེས་དུས་མཚུངས་ཀྱི་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་ནང་63.4%བཟུང་བ་དང་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་20.5འཕར་ཡོད།
         རྒྱལ་ཡོངས་ཀྱི་འགག་སྒོའི་འགག་སྒྲོལ་གཞི་གཅིག་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག་འགག་སྒོ་སྒྲོལ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། ཁེ་ལས་ཀྱི་ཁྲོམ་རའི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བ། དམངས་གཉེར་ཁེ་ལས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་ནས་བོད་ཀྱི་ཕྱི་ཕྱོགས་ཉོ་ཚོང་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ནུས་པ་གལ་ཆེན་ཐོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།