འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི"ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་དེ། བོད་ཀྱི་བྱ་སྤྱོད"ཀྱི་
    བྱེད་སྒོའི་ཞིབ་བཤེར་ཚོགས་ཆུང་གིས་བརྟག་དཔྱད་ཞིབ་བཤེར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་16ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར“ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་དེ། བོད་ཀྱི་བྱ་སྤྱོད”ཀྱི་བྱེད་སྒོའི་ཞིབ་བཤེར་ཚོགས་ཆུང་དང་པོས་ལྷ་སར་བརྟག་དཔྱད་ཞིབ་བཤེར་གྱི་བྱེད་སྒོ་སྤེལ་བ་རེད། ས་ཆ་དངོས་ལ་ཕྱིན་ནས་2016ལོའི“ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་དེ། བོད་ཀྱི་བྱ་སྤྱོད”ཀྱི་ཞིབ་བཤེར་ཚོགས་ཆུང་གིས་བསྒྲུབ་རྒྱུར་སྤྲད་པའི་གནད་དོན་དག་ཐེར་བྱས་ཚུལ་ལ་ཞིབ་བཤེར་དང་ཆུ་ཤུར་གྱི་ཡར་ཀླུང་གཙང་པོའི་བཟོ་ལས་གླིང་དང་སྟག་རྩེའི་བཟོ་ལས་གླིང་ལ་ཕྱིན་ནས་ལྷ་ས་གྲོང་ཁྱེར་གྱི་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཛུགས་སྐྱོང་ཧྲིལ་པོའི་གནས་ཚུལ་སྐོར་གྱི་སྙན་ཞུའང་ཉན་པ་རེད།
         ཞིབ་བཤེར་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་གྱི་དག་ཐེར་གནས་ཚུལ་ལ་ཁས་ལེན་གང་ལེགས་བྱས་རྗེས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རྒྱས་བཤད་གལ་ཆེན་གནང་ཡོད། དེས་བོད་ཀྱིས་དུས་བབ་གསར་པའི་འོག་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ལྷ་ས་གྲོང་ཁྱེར་ནི་བོད་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་པས། ངེས་པར་དུ“འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱེད་པའི”ལས་འགན་སྒྲུབ་སེམས་དང་འགན་འཁྲིའི་སེམས་པ་ཆེ་རུ་ཏན་ཏིག་གཏོང་དགོས་ཞེས་བཤད།
         ཞིབ་བཤེར་ཚོགས་ཆུང་གིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངོས་འཛིན་མཐོར་གཏོང་དང་མཐོང་ཆེན་པོ་བྱས་ནས་ལྗང་མདོག་འཕེལ་རྒྱས་གཏོང་བའི་འདུ་ཤེས་ཀྱིས་སྤྱི་འདོམས་བྱས་ཏེ། སྣོད་བཅུད་བཟང་བའི་ཐོན་ཟོག་སྤུས་དག་སྔར་ལས་མང་བས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་སྣོད་བཅུད་ཁོར་ཡུག་གི་དགོས་མཁོ་བསྐངས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་ལེན་དུ་བསྟར་དགོས་པ་དང་། སྣོད་བཅུད་ཤེས་དཔལ་སྔོན་ལ་འཕེལ་རྒྱས་གཏོང་བའི་འདུ་ཤེས་བརྟན་པོ་ཆགས་པར་བྱེད་པ་དང་། སྣོད་བཅུད་ཁ་གསབ་ཀྱི་ལམ་སྲོལ་འཛུགས་སྐྱོང་ཁྲོད་ཀྱི་ཞན་ཆར་ངོས་འཛིན་ཡང་དག་བྱེད་པ། སྣོད་བཅུད་ཁ་གསབ་ཀྱི་ལམ་སྲོལ་འཐུས་ཚང་དང་དོན་འཁྱོལ་བཅས་བྱེད་དགོས། ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་འགན་འཁྲི་གསལ་པོ་བཟོ་བའི་ཁར་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཧྲིལ་པོར་མཉམ་ཤུགས་ཆགས་པར་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པ་བསྐྲུན་རྒྱུར་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།