འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ན་མ་རྒྱལ་ཁབ་ཀྱི་སྲིད་འཛིན་ཕ་ལའེ་ལཱ་ཀྲུང་གོར་རྒྱལ་དོན་འཚམས་གནང་བར་ཕེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་16ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཕ་ན་མ་རྒྱལ་ཁབ་ཀྱི་སྲིད་འཛིན་ཕ་ལའེ་ལཱ་ཀྲུང་གོར་རྒྱལ་དོན་འཚམས་གནང་བར་ཕེབས་པ།
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུ་གནང་བ་ལྟར། ཕ་ན་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུ་ཨན་·ཁཱ་ལུའོ་སི་·ཕ་ལའེ་ལཱ་·ལུའོ་ཏེ་ལི་གེ་སི་ཡིས་ཟླ་11ཚེས་16ཉིན་ནས་ཚེས་23ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།
         ཕ་ལའེ་ལཱ་ནི་1963ལོར་ཕ་ན་མ་རྒྱལ་ཁབ་ཀྱི་ཕ་ན་མ་གྲོང་ཁྱེར་དུ་སྐྱེས་ཤིང་། ཕ་ན་མ་རིང་ལུགས་ཏང་གི་ཀྲུའུ་ཞི་དང་། སྲིད་འཛིན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་བཞེས་མྱོང་ཡོད་པ་རེད། 2014ལོའི་ཟླ་5པར། ཕ་ན་མ་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བདམས་ཐོན་བྱུང་ལ། ལོ་དེའི་ཟླ་7པར། སྲིད་འཛིན་གྱི་འགན་བཞེས་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།