འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་APEC“ཀྲུང་གོའི་མཚན་མོ”ཡིས་ཁོངས་མིའི་དཔལ་འབྱོར་དངོས་ཚན་
    ནས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་ཤུགས་སྣོན་རྒྱག་དགོས་པའི་རེ་འབོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་14ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2017ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་(APEC)བཟོ་ཚོང་འགོ་ཁྲིད་མི་སྣའི་དབུ་ཚོགས་ཀྱི“ཀྲུང་གོའི་མཚན་མོ”ཞེས་པ་ས་གནས་དེ་གའི་དུས་ཚོད་ཚེས་7ཉིན་གྱི་དགོང་མོ་ཝེ་ཐེ་ནམ་གྱི་ཤན་ཀང་དུ་སྤེལ་ཞིང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྲིད་དོན་དང་ཚོང་དོན་འཐུས་མི་150ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
         ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་གཞོན་པ་ཁྲེན་ཀྲོའུ་ཡིས་ཤིས་ཚིག་བརྗོད་སྐབས། འདི་ལོ་APECཚོགས་འདུའི་གཟའ་འཁོར་ལ་ཞུགས་རྒྱུའི་མིང་ཐོ་འགོད་མཁན་ཀྲུང་གོའི་ཁེ་ལས་ཧ་ཅང་མང་བ་དང་འཐུས་མི་ཚོགས་པའི་མི་གྲངས་བསྡོམས་འབོར་300ལས་བརྒལ་བ་དེ་ད་བར་གཞི་ཁྱོན་ཆེ་ཤོས་ཤིག་ཡིན་ཞིང་། ཁོང་གིས་ཁེ་ལས་མཁས་ཅན་གྱིས་APECཡི་ལས་སྟེགས་སྤྱད་དེ་ཉམས་འགྱུར་གང་ལེགས་མངོན་པ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་ཁེ་ལས་དང་འགྲོ་འོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་ཏུ་འགྲོ་རྒྱུར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་བཤད།
        “ཀྲུང་གོའི་མཚན་མོའི”བྱེད་སྒོར་ཞུགས་པའི་ཀྲུང་གོའི་ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཝང་ཧྲོའུ་ཝུན་གྱིས་འདས་པའི་ལོ་20ཡི་རིང་APECཡི་ཁོངས་མིའི་དཔལ་འབྱོར་དངོས་ཚན་ལ་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ཐད་འཕེལ་རྒྱས་མྱུར་པོ་བྱུང་ནས་སྒོ་ཁྲལ་50%ལྷག་ཙམ་དམའ་རུ་བཏང་བ་དང་ཉོ་ཚོང་བསྡོམས་འབོར་ལྡབ་4འཕར་བ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བས་ས་ཁུལ་དེ་གར་བདེ་སྐྱིད་བསྐྲུན་རྒྱུ་ཡིན་པ་མཚོན་ཡོད་ཅེས་བཤད།
         APEC“ཀྲུང་གོའི་མཚན་མོའི”བྱེད་སྒོ་ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་ཨུ་ལྷན་དང་། ཀྲུང་གོ་རྒྱལ་སྤྱིའི་ཚོང་ཚོགས། APECཀྲུང་གོ་བཟོ་ཚོང་ལས་འཛིན་ལྷན་ཚོགས་སོགས་སྒྲིག་གཞིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད། བྱེད་སྒོ་དེ་2009ལོར་སིང་ཀ་ཕོར་དུ་འཚོགས་པའི་APECབཟོ་ཚོང་འགོ་ཁྲིད་མི་སྣའི་དབུ་ཚོགས་ནས་འགོ་ཚུགས་པ་དང་ཀྲུང་གོའི་ཁེ་ལས་མཁས་ཅན་ལོ་ལྟར་གྱི་APECཚོགས་འདུར་ཞུགས་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།