འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་APECཡི་ལས་སྟེགས་བརྒྱུད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་14ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ད་ཐེངས་གདན་ཞུས་ལྟར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་(APEC)ཀྱི་ཤན་ཀང་ཚོགས་འདུར་ཞུགས་པའི་ཀྲུང་གོའི་ཁེ་ལས་300ལྷག་ཙམ་ཡོད། ཚོགས་ཞུགས་ཀྲུང་གོའི་ཁེ་ལས་ཀྱིས་APECཡི་ལས་སྟེགས་བརྒྱུད་དེ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་བཏོན་ནས་ཕྱི་རྒྱལ་གྱི་ཁྲོམ་ར་ཆེ་རུ་གཏོང་རྒྱུ་རེད།
         ཀྲུང་གོ་ཚན་རིག་གློག་ཤུགས་སྒྲིག་ཆས་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲེ་ཀྲང་ཝང་ཞའོ་ཧྥེ་ཡིས་ཀྲུང་གོའི་ཁེ་ལས“ཕྱིར་སྐྱོད་པ”ནི“ཀྲུང་གོའི་ལན་པར”“ཀྲུང་གོའི་རིག་ནུས་བཟོ་སྐྲུན”དུ་སྒྱུར་བའི་ཐབས་ལམ་གལ་ཆེན་ཞིག་རེད། ཀྲུང་གོའི་ཁེ་ལས་ཀྱིས་རང་ཉིད་ཀྱི་ལེགས་ཆར་བརྟེན་ནས་གོ་ལ་ཧྲིལ་པོའི་ཐོན་ལས་ཁག་གི་འཕེལ་རྒྱས་ལ་ཐུན་མོང་མིན་པའི་ཁྱད་ཆོས་ཀྱི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱེད་ཐུབ་ཅེས་བཤད།
         ཁང་ལི་གློག་སྐས་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲེ་ཀྲང་ཝང་ཡིའུ་ལིན་གྱིས་ཀྲུང་གོའི་གློག་སྐས་ཐོན་རྫས་ཀྱིས་རྒྱལ་སྤྱིའི་གྲགས་ཅན་སྤུས་རྟགས་ཀྱི་སྒེར་སྡེམ་གནས་བབ་གཏོར་ནས་ལ་ཏིང་མེ་གླིང་དང་ཡོ་རོབ་སོགས་ཁྲོམ་རར་གཤམ་ས་ཞིག་གཏོད་ཡོད། རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་ཁེ་ལས་ཀྱིས་ཐོན་ལས་ཀྱི་ལས་བགོས་མུ་མཐུད་རྒྱུན་འཁྱོངས་དང་རང་ངོས་ཀྱི་ཞན་ཆ་གསབ་ཚེ། གཞི་ནས་གོ་ལ་ཧྲིལ་པོའི་འགྲན་རྩོད་ནང་ཁེ་ཕན་དེ་བས་ཆེ་བ་ཐོབ་སྲིད་ཅེས་བཤད།
         གོ་ལ་ཧྲིལ་པོའི་མཉམ་འབྲེལ་སྤེལ་རེས་ལྟེ་གནས་ཀྱི་དྲུང་ཆེ་དབྱིན་ལིའུ་པིན་གྱིས་ད་ཐེངས་ཀྱི་APECཡི་ཚོགས་འདུར་ཞུགས་པའི་ཀྲུང་གོའི་ཁེ་ལས་གློག་ཤུགས་དང་། ཞིང་ལས། ས་ཁང་ཐོན་ལས། ཡུལ་སྐོར་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད། ཁེ་ལས་དེ་དག་གིས་APECདང་འཛམ་གླིང་གི་སྔོན་ཐོན་ཁེ་ལས་དང་སྤེལ་རེས་དང་མཉམ་ལས་བྱེད་འདོད་ཡོད་པ་མ་ཟད། དཔལ་འབྱོར་སྒྲིག་གཞི་ཁག་ལ་འཕྲད་པའི་འཕེལ་རྒྱས་ཀྱི་གནད་དོན་ལ་དཔྱད་གཞིར་འཛིན་ཆོག་པའི་ཀྲུང་གོའི་ཇུས་གཞི་ཡང་འདོན་འདོད་འདུག་ཅེས་བཤད།
         ཀྲུང་གོའི་ཁེ་ལས་ཀྱིས་བཏོན་པའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞིར་ཚོགས་ཞུགས་ཕྱི་རྒྱལ་ཁེ་ལས་མཁས་ཅན་ཚོའི་བསྔགས་བརྗོད་ཐོབ་ཅིང་། ཝེ་ཐེ་ནམ་ཧྥུའུ་རུན་ནོར་ཆས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་གཞོན་པ་ལི་ཀྲེ་ཐུང་གིས“རྒྱུད་གཅིག་ལམ་གཅིག”ནི་ཀྲུང་གོའི་རླབས་ཆེན་གྱི་བསམ་བཀོད་ཅིག་རེད། ཝ་ཐེ་ནམ་གྱི་ཁེ་ལས་ཀྱིས་གོ་སྐབས་འདི་སྤྱད་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་ནས་ཚོང་དོན་གོ་སྐབས་དེ་བས་མང་བ་ཐོབ་རྒྱུའི་རེ་བ་ཡོད་ཅེས་བཤད།
         ཨོ་སི་ཁྲུ་ལི་ཡ་ཁར་ཏུན་སྦི་རག་བཟོ་གྲྭའི་ཁྲིམས་དོན་པུའི་གཙོ་གཉེར་ཁེ་ལུའེ་ཀེ·ཁ་ཐེ་པོ་ཀེས་ཀྲུང་གོའི་དཔལ་འབྱོར་དང་གྲོང་མིའི་ཡོང་འབབ་མགྱོགས་མྱུར་འཕར་བ་དང་སྦྲགས། ཀྲུང་གོ་དེ་བས་མང་བའི་འཛད་སྤྱོད་ཁྱབ་ཁོངས་ཁྲོད་འཛམ་གླིང་གི་ཁྲོམ་ར་ཆེ་ཤོས་སུ་འགྱུར་རྒྱུ་རེད། ཀྲུང་གོས་སྒུལ་བདེའི་དྲ་སྦྲེལ་དང་མི་བཟོས་རིག་ནུས་ཆ་རྐྱེན་འོག་གི་དཔལ་འབྱོར་རྣམ་པ་གསར་པ་འཚོལ་ཞིབ་བྱས་ནས་འཛམ་གླིང་དཔལ་འབྱོར་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་ཡོང་ཐུབ་བཟོ་མང་པོ་སྟོན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།