འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཆོས་དབྱིངས་སྐྱིད་སོགས་མཚོ་སྔོན་གྱི་བོད་རིགས་ལུས་རྩལ་པ་བཞི་རྒྱལ་ཁབ་ཀྱི་མཆོང་རྒྱུག་
    འཕེན་གསུམ་གཅིག་སྡུད་སྦྱོང་བརྡར་རུ་ཁག་ཏུ་བདམས་ཐོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་13ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་གསལ། མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་གྱི་རུ་ཆེན་དང་པོའི་ལུས་རྩལ་པ་ཆོས་དབྱངས་སྐྱིད་དང་བཀྲ་ཤིས་དབྱངས་འབུམ། ཀླུ་མོ་མཚོ། ཆོས་སྐྱིད་སྒྲོལ་མ་བཅས་ལུས་རྩལ་པ་4རྒྱལ་ཁབ་ཀྱི་མཆོང་རྒྱུག་འཕེན་གསུམ་གཅིག་སྡུད་སྦྱོང་བརྡར་རུ་ཁག་ཏུ་བདམས་ཐོན་བྱུང་བ་རེད།
         མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་གྱི་རུ་ཆེན་གྱི་འབྲེལ་ཡོད་ཀྱི་འགན་འཁུར་པས་ཐེངས་འདིའི་གཅིག་སྡུད་སྦྱོང་བརྡར་གྱི་དུས་རིམ་དང་པོ་ནི་2017ལོའི་ཟླ་བ་11པའི་ཟླ་འགོ་ནས་ཟླ་བ་12པའི་ཟླ་མཇུག་བར་ཡིན་པ་དང་། དམིགས་ཡུལ་གཙོ་བོ་ནི་2018ལོའི་ཨེ་ཤེ་ཡ་གླིང་གི་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱ་རྒྱུ་ཡིན་པ་མ་ཟད། 2020ལོའི་ཏུང་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་ཀར་རྨང་གཞི་བཟང་པོ་འདིང་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
          ད་ལོའི་ཟླ་བ་9པར་ཐེན་ཅིང་དུ་གཉེར་བའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ་20ཡི་འགྲོ་རྩལ་འགྲན་བསྡུར་ནང་དུ་ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད་1དང་སྐར་མ་28སྐར་ཆུང་33ཡི་གྲུབ་འབྲས་ཐོག་ནས་ཨང་གཉིས་པ་བླངས་ཡོད་ཅིང་། ཁོང་ནི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཐོག་ཏུ་དངུལ་གྱི་བྱ་དགའ་ལེན་མཁན་ཡང་རེད། 
          ཆོས་དབྱིངས་སྐྱིད་ཀྱི་རྩལ་ཁྲིད་པ་དང་རྒྱལ་ཁབ་རིམ་པའི་རྩལ་ཁྲིད་པ་ཡོན་ཏེ་ཅིའུ་ཡིས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་མདོ་པ་ས་མཐོའི་སྦྱོང་བརྡར་རྟེན་གཞི་རུ་སྦྱོང་བརྡ་ཡུན་རིང་བྱེད་མཁན་མཚོ་སྔོན་མཆོང་རྒྱུག་འཕེན་གསུམ་རུ་ཁག་ནས་ལུས་རྩལ་རྒྱུན་འཛིན་པ་ཕུལ་བྱུང་མང་པོ་ཐོན་ཡོད་ཅིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཆོས་སྐྱིད་སྒྲོལ་མ་དང་མཚོ་ཤར་གྲོང་ཁྱེར་གྱི་ཀླུ་མོ་མཚོ་སོགས་བདམས་ཐོན་པའི་མཚོན་ཚུལ་རྨད་དུ་བྱུང་བ་རེད་ཅེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།