འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས"སྨན་ཁང་དང་རྒན་གསོ་ཟུང་འབྲེལ"ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་
    ནས་གྲོང་མིའི་རྒན་གསོའི་སྤུས་ཚད་མཐོ་རུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་13ཉིན། 08:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འདི་ལོ་ཚུན་དུ། མཚོ་སྔོན་གྱིས་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཁྱིམ་སྡོད་རྨང་གཞིར་བྱེད་པ་དང་། སྡེ་ཁུལ་གཞི་རྟེན་དུ་བྱེད་པ། སྒྲིག་གཞི་ཁ་གསབ་ཏུ་བྱེད་པ་བཅས་ཀྱི“སྨན་ཁང་དང་རྒན་གསོ་ཟུང་འབྲེལ་བྱེད་པའི”རྒན་གསོའི་ཞབས་ཞུའི་མ་ལག་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད་ཅིང་། ཟླ་10པའི་ཟླ་མཇུག་བར་སྨན་ཁང་དང་རྒན་གསོ་ཟུང་འབྲེལ་བྱེད་པའི་ཞབས་ཞུའི་སྒྲིག་གཞི་10བསྐྲུན་པས་གྲོང་མིའི་རྒན་གསོའི་སྤུས་ཚད་མཐོ་རུ་ཕྱིན་ཡོད།
         སྲིད་གཞུང་གིས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། མཚོ་སྔོན་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁ་གསབ་རོགས་དངུལ་རག་ཐབས་བྱས་ཏེ་རྒན་གསོ་ཞབས་ཞུའི་སྒྱུར་བཅོས་ཚོད་ལྟའི་རྣམ་གྲངས་ལ་སྤྱད་ཡོད་པ་རེད། མིག་སྔའི་བར་ཞབས་ཞུ་ཉོ་སྒྲུབ་བྱེད་ཚད་མི་ཐེངས་ཁྲི་30ལྷག་ཙམ་ཟིན་པ་དང་། ཞིང་ཆེན་ཡོངས་ཀྱིས་སྲིད་གཞུང་གིས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་བྱེད་འགན་འཁུར་བའི་སྤྱི་ཚོགས་ཀྱི་རྩ་འཛུགས་དང་ཁྱིམ་ལས་ཀུང་སི་120ལྷག་ཙམ་ཟིན་ནས་ཁྱིམ་ལས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་ཁྱིམ་ལས་འཕེལ་རྒྱས་ཁྲུའི་ཁྲུའུ་ཀྲང་གཞོན་པ་ལི་ཅེས་མཚོ་སྔོན་ཞིང་ཆེན་གྱི་སྨན་ཁང་དང་རྒན་གསོ་ཟུང་འབྲེལ་བྱེད་པའི་ཞབས་ཞུའི་སྒྲིག་གཞིར་ལུས་གསོར་སྨན་བཅོས་ཡོད་པ་དང་། སྨན་བཅོས་ལ་ལུས་གསོ་ཡོད་པ། སྨན་བཅོས་དང་ལུས་གསོ་གཞི་གཅིག་ཅན་བཅས་ཀྱི་རྣམ་པ་རིགས་གསུམ་ཚུད་ཡོད། བསྡོམས་རྩིས་ལ་གཞིགས་ན། རྒན་རྒོན་850ཙམ་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཞུའི་སྒྲིག་གཞིར་གནས་སྡོད་བྱས་ཡོད་པ་དང་། སྒྲིག་གཞི་དེ་དག་གིས་རྒན་རྒོན་ཚོར་གཟུགས་པོ་བརྟག་དཔྱད་དང་། སྨན་བཅོས་ཞབས་ཞུ། བདེ་ཐང་སླར་གསོ། རྒན་རྒོན་གྱི་གཅོང་ནད་ལ་གཡོག་བྱེད། རིམས་ནད་སྔོན་འགོག་སོགས་ཀྱི་འབྲེལ་ཡོད་ཞབས་འདེགས་ཞུ་གི་ཡོད་ཅེས་བརྗོད།
         ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱིས་ཁྱིམ་སྡོད་རྒན་གསོ་གདམ་ག་བྱེད་མཁན་མི་ཚོགས་ལ་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་འདེགས་ཞུས་པ་དང་འབྲེལ། བདེ་ཐང་ཡིག་ཚགས་བཟོས་པས་ལོ་60ཡན་གྱི་རྒན་རྒོན་གྱི་གན་འཇོག་སྡུར་གྲངས་62%ཟིན་ཡོད། སྨན་བཅོས་སྒྲིག་གཞིས་གན་འཇོག་རྒན་རྒོན་ལ་ལོ་ལྟར་གཟུགས་པོའི་གནས་ཚུལ་དཔྱད་དཔོག་ཐེངས་རེ་བྱེད་པ་དང་འབྲེལ། བདེ་ཐང་དང་། སྔོན་འགོག བདེ་སྲུང་སོགས་ཀྱི་མཛུབ་ཁྲིད་བྱེད་ཀྱི་ཡོད། གཞན་ཡང་། ད་དུང་གྲོང་གསེབ་ཀྱི་རོགས་རེས་བདེ་སྐྱིད་ཁང་དང་སྡེ་ཁུལ་གྱི་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་ཀྱིས་ཁྱིམ་སྡོད་རྒན་རྒོན་ལ་འཚོ་བའི་ལྟ་རྟོག་བྱེད་ཀྱི་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2009ལོར་མཚོ་སྔོན་ཞིང་ཆེན་ན་རྒས་ཅན་གྱི་སྤྱི་ཚོགས་སུ་སླེབས་པ་དང་། 2020ལོར་སླེབས་སྐབས་མཚོ་སྔོན་གྱི་རྒན་རྒོན་མི་འབོར་ཁྲི་81.67ཟིན་ནས་མི་འབོར་བསྡོམས་འབོར་སྡུར་གྲངས་ཀྱི་13%ལྷག་ཙམ་གཟུང་རྒྱུ་རེད།
         ལི་ཅེས་གོམ་སྟབས་རྗེས་མར་མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྨན་ཁང་དང་རྒན་གསོ་ཟུང་འབྲེལ་བྱེད་པའི་ཞབས་ཞུའི་སྒྲིག་གཞི་དེ་བས་མང་བ་བསྐྲུན་ནས་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་ལེགས་པའི་རྒན་གསོའི་ཞབས་འདེགས་ཞུས་ཏེ“རྒས་དུས་འཚོ་རྟེན་ཡོད་པ་དང་ན་དུས་སྨན་བཅོས་ཐུབ་པ”བྱེད་རྩིས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།