འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་གུང་ཁྲན་ཏང་ལ་ཀྲུང་གོའི་དོན་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རྙེད་པ།

    —— ཐུར་ཁེའི་དྲང་བདེན་དང་འཕེལ་རྒྱས་ཏང་གི་ཀྲུའུ་ཞི་གཞོན་པ་གཱ་ཝ་ཁེ་ཁྲེར་བཅར་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་13ཉིན། 08:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཐུར་ཁེའི་དྲང་བདེན་དང་འཕེལ་རྒྱས་ཏང་གི་ཀྲུའུ་ཞི་གཞོན་པ་རྒྱལ་དམངས་ཆེན་པོའི་གྲོས་ཚོགས་ཀྱི་གྲོས་མི་ལཱ་ཧྥུ་ཀྲ·གཱ་ཝ་ཁེ་ཁྲེ·ཁན་གྱིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོར་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་ལ་ཀྲུང་གོའི་དོན་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རྙེད་པ་ར་འཕྲོད་ཐུབ་ཀྱི་ཡོད་ཅེས་གསུངས་པ་རེད།
         གཱ་ཝ་ཁེ་ཁྲེས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་འཕེལ་རྒྱས་ནི་མི་རྣམས་ཧང་སངས་དགོས་པ་ཞིག་ཡིན། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་དཔལ་འབྱོར་མྱུར་ཚད་མཐོ་འབྲིང་གི་སྒོ་ནས་འཕེལ་རྒྱས་ཕྱིན་པ་དང་། ཚན་རྩལ་མཐོ་བ་དང་སྤྱི་ཚོགས་འགན་སྲུང་སོགས་ཐད་ཡར་རྒྱས་མངོན་གསལ་དོད་པོ་ཕྱིན་པ། རྒྱལ་ཁབ་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་གསུངས་ཤིང་། ཁོང་གིས་ད་དུང་ཀྲུང་གོ་གུང་ཁྲན་ཏང་ལ་ཀྲུང་གོའི་དོན་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རྙེད་པའི་ངོས་འཛིན་ཡང་གནང་བ་རེད།
         གཱ་ཝ་ཁེ་ཁྲེས་ཐུར་ཁེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་ཉེ་བའི་ལོ་ཤས་རིང་གི་མཉམ་ལས་ཀྱི་གྲུབ་འབྲས་ལ་དམིགས་སུ་བཀར་ནས་བསྔགས་བརྗོད་ཆེན་པོ་གནང་བ་དང་ཆབས་ཅིག་ཕྱོགས་གཉིས་པོས་ཚན་རྩལ་དང་ནུས་རྒྱུ་སོགས་ཀྱི་ཁྱབ་ཁོངས་ནང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         གཱ་ཝ་ཁེ་ཁྲེ་ཡོད་སའི་དྲང་བདེན་དང་འཕེལ་རྒྱས་ཏང་ནི་2002ལོ་ནས་ད་བར་ཐུར་ཁེའི་སྲིད་སྐྱོང་ཏང་ཡིན་པ་དང་། སྐབས་རིམ་བྱུང་གི་འདེམས་བསྐོའི་ཁྲོད་རྒྱབ་སྐྱོར་རྒྱ་ཁྱབ་ཏུ་ཐོབ་ཡོད། ཁོང་གིས་དྲང་བདེན་དང་འཕེལ་རྒྱས་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་ཏང་དབར་གྱི་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།
         འབྱུང་འགྱུར་ལ་ཕྱོགས་བཞིན་གཱ་ཝ་ཁེ་ཁྲེས་འཛམ་གླིང་གི་སྟོབས་ཤུགས་ཆགས་སྟངས་ལ་འགྱུར་ལྡོག་འགྲོ་བཞིན་ཡོད་པས་ཀྲུང་གོས་ས་ཁུལ་དང་གོ་ལ་ཧྲིལ་པོའི་གནད་དོན་ཐད་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         “རྒྱ་ཡིག་ཡག་པོ་སྦྱངས་ནས་ཀྲུང་གོ་ཤེས་རྟོགས་བྱ་རྒྱུ་ནི་ཐུར་ཁེའི་གཞོན་ནུ་ལོ་ཆུང་ཚོའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན”ཞེས་གཱ་ཝ་ཁེ་ཁྲེས་གསུངས་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཆིན་ཡན་དབྱང་གིས།
      

    ཕྱོགས་བསྡུས་གསར་འགྱུར།