འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཧན་རྒྱལ་རབས་དུས་ཀྱི་ཧའེ་ཧུན་ཧོའུ་རྒྱལ་པོའི་གནའ་ཤུལ་གྱི་རིག་དངོས་ཆེན་པོ་བཅུ་བདམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་10ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧན་རྒྱལ་རབས་དུས་ཀྱི་ཧའེ་ཧུན་ཧོའུ་རྒྱལ་པོའི་གནའ་ཤུལ་གྱི་རིག་དངོས་ཆེན་པོ་བཅུ་བདམས་པ།
         མི་དམངས་དྲ་བའི་འཕྲིན། "ཧའེ་ཧུན་ཧོའུ་རྒྱལ་པོ། མཛེས་སྡུག་ཕྱིར་ངོམ"ཞེས་པའི་2017ལོའི་ནན་ཁྲང་ཧན་རྒྱལ་རབས་དུས་ཀྱི་ཧའེ་ཧུན་ཧོའུ་རྒྱལ་པོའི་གནའ་ཤུལ་གྱི་རིག་དངོས་ཆེན་པོ་བཅུ་དཔྱད་འདེམས་ཀྱི་མཇུག་འབྲས་ཟླ་11ཚེས་9ཉིན་ནན་ཁྲང་དུ་བསྒྲགས་པ་རེད། ལིའུ་ཧོ་གཡང་ཊིའི་ཐམ་ག་དང་། གཅན་གཟན་གྱི་གཡང་ཊིའི་རྒྱན་ཆ། བསྟར་བསྒྲིགས་ཅོང་དྲིལ། ཁུང་ཙེ་ལུགས་གོས་ཀྱི་ཤེལ་སྒྲོམ། སྨྱུག་ལེབ་དཔེ་ཆ། གསེར་ཆས།(གསེར་རྟ་རྨིག་མ། སེང་འབྲུག་སོར་གཟུགས་ཀྱི་གསེར། གསེར་གྱི་སྣག་དཔེ།) དངུལ་གཏའི་ལུ།(ཤིང་རྟའི་འཁོར་ཆས།) དངུལ་རྡུང་གསེར་རྒྱན་གྱི་གཤོང་སྣོད། "ཁྲང་དབྱི་ཅི་ཐེན"གྱི་ཟངས་རྐང་གསུམ་མ། ཤོག་དྲིལ་བཅས་བདམས་ཐོན་བྱུང་ཡོད་པ་རེད།(གོང་གསལ་པར་རིས་སུ་སྣང་།)
          ཐེངས་འདིའི་དཔྱད་འདེམས་བྱེད་སྒོ་ནི་ཅང་ཞི་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་ཅང་ཞི་ཞིང་ཆེན་རྟེན་མཛོད་ཁང་། ནན་ཁྲང་ཧན་རྒྱལ་རབས་ཀྱི་ཧའེ་ཧུན་ཧོའུ་རྒྱལ་པོའི་གནའ་ཤུལ་རྟེན་མཛོད་ཁང་སོགས་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་གཅོ་སྒྲུབ་བྱས་ལ། ནན་ཁྲང་ཧན་རྒྱལ་རབས་ཀྱི་ཧའེ་ཧུན་ཧོའུ་རྒྱལ་པོའི་གནའ་ཤུལ་རྟེན་མཛོད་ཁང་གིས་འགན་གཉེར་བྱས་ཏེ་དྲ་ཐོག་དང་དྲ་ཐོག་མ་ཡིན་པ་གཉིས་ནས་འདེམས་ཤོག་འཕངས་ཡོད་པ་རེད། འདེམས་ཤོག་མང་ཤོས་ཀྱི་རིག་དངོས་20བྱུང་རྗེས་ཆེད་མཁས་པས་དཔྱད་འདེམས་གནང་བ་དང་། མཇུག་མཐར་རིག་དངོས་ཆེན་པོ་བཅུ་གཏན་འཁེལ་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།