འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།སོ་ཏི་ཨ་རབ་ཀྱིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་མི་201འཛིན་བཟུང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་10ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་9ཉིན། སོ་ཏི་ཨ་རབ་ཀྱི་སྤྱི་ཁྱབ་ལྟ་ཞིབ་དཔོན་སོ་ཏི་•མུའུ་ཅི་ཕུ་ཡིས་ཉེ་ཆར་སོ་ཏི་ཨ་རབ་ཏུ་བྱུང་བའི་རུལ་སུངས་ལ་རྒོལ་བའི་རླུང་འཚུབ་ནང་། ད་ལྟ་མི་201ལྐོག་རྔན་བླངས་པ་དང་འབྲེལ་བ་ཡོད་པས་འཛིན་བཟུང་བྱས་ཡོད་པ་དང་། གྱོད་འབྲེལ་གྱི་དངུལ་སྔོན་དཔག་བྱས་ན་ཨ་སྒོར་དུང་ཕྱུར་1000འདུག་ཅེས་བརྗོད་པ་རེད།
         མུའུ་ཅི་ཕུ་ཡིས་གསལ་བསྒྲགས་ཤིག་ཏུ་ད་ལྟ་བར་དུ། སོ་ཏི་ཨ་རབ་ཀྱི་རུལ་སུངས་ལ་རྒོལ་བའི་སྡེ་ཁག་གིས་ཁྱོན་བསྡོམས་མི་གྲངས་208འཛིན་བཟུང་བྱས་པ་དང་། མི་7གློད་ཡོད་པ། ད་དུང་མི་201བཀག་ཉར་བྱས་ནས་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་པ་རེད།
         ཁོང་གིས་འདས་པའི་ལོ་གསུམ་རིང་གི་རྟོག་ཞིབ་ལ་གཞིགས་ནས། སྔོན་དཔག་བྱས་ན། འདས་པའི་ལོ་བཅུ་ཕྲག་ལྷག་གི་ནང་། ཆ་ལག་རང་བཞིན་གྱི་རུལ་སུངས་དང་ལྐོག་རྔན་བླངས་པ་སོགས་རྒྱལ་ཁོངས་མ་དངུལ་ཨ་སྒོར་དུང་ཕྱུར་1000ལྷག་གང་བྱུང་དུ་སྤྱད་འདུག་ཅེས་བཤད་པ་རེད།
         མུའུ་ཅི་ཕུ་ཡིས་བཤད་དོན། ཐེངས་འདིའི་རུལ་སུངས་ལ་རྒོལ་བའི་ལས་འགུལ་ཐོག་བཀག་སྡོམ་བྱས་པ་ནི་གྱོད་འབྲེལ་མི་སྣ་སྒེར་གྱི་དངུལ་ཁང་ཨང་གྲངས་ཡིན་པ་ལས། མི་དེར་ཡོད་པའི་ཀུང་སིའི་ཨང་གྲངས་མིན་པ་དང་། རྒྱུན་ལྡན་གྱི་ཚོང་ལས་བྱ་སྤྱོད་སྤེལ་བར་ཤུགས་རྐྱེན་ཐེབས་མེད་པ་རེད།
         སོ་ཏི་ཨ་རབ་ཀྱི་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་བར་གཞིགས་ན། ད་ལྟ་བར་དུ། སོ་ཏི་ཨ་རབ་དངུལ་ཁང་གིས་གྱོད་འབྲེལ་མི་སྣའི་ཨང་གྲངས་1700ལྷག་ཙམ་བཀག་སྡོམ་བྱས་ཡོད་པ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དངུལ་ཁང་ལའང་སོ་ཏི་ཨ་རབ་ཕྱོགས་ཀྱི་འབྲེལ་ཡོད་གྱོད་འབྲེལ་མི་སྣར་རྒྱལ་ཁབ་དེ་ཉིད་དུ་ཡོད་པའི་སྒེར་གྱི་དངུལ་ཁང་བརྡ་འཕྲིན་གྱི་གནས་ཚུལ་འདོན་སྤྲོད་བྱེད་པའི་བླང་བྱ་བཏོན་ཡོད་པ་རེད།
         ཟླ་11ཚེས་4ཉིན། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་པོ་སཱ་ལེ་མཱན་གྱིས་རྒྱལ་སྲས་མུའུ་ཧ་མུའུ་ཏེ་ཉིད་ཀྲུའུ་ཞི་བྱས་པའི་ཆེས་མཐོའི་རུལ་སུངས་ལ་རྒོལ་བའི་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། རུལ་སུངས་ཀྱི་ལྐོག་རྔན་ལེན་མཁན་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་ལྐོག་ལེན་བྱེད་མཁན་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས་ཞེས་བསྒྲགས་པ་རེད། ཉིན་དེའི་དགོང་མོ། རྒྱལ་སྲས་11དང་ད་བཞུགས་བློན་ཆེན་ནམ་བློན་ཆེན་ཟུར་པ་དང་ཕྱུག་བདག་ཚོང་པ་38འཛིན་བཟུང་བྱས་ཤིང་། དེའི་ནང་སོ་ཏི་ཨ་རབ་ཀྱི་སྐུ་གཤེགས་ཟིན་པའི་རྒྱལ་པོ་ཨ་ཕུ་ཏུའུ་ལཱའི་བུ་དང་། རྒྱལ་དམངས་སྲུང་དམག་རུ་དཔུང་གི་སྤྱི་ཁྱབ་ཟུར་པ་སྨི་ཏི་ཨ་ཕུ། "ཨ་ཤེ་ཡ་དབུས་ཤར་གྱི་ཕྱུག་པོ་དང་པོ"ཡི་མིང་ཐོགས་པའི་ཨ་ལའེ་ཝ་ལི་ཏེ་སོགས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།