འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་རི་བོ་ཆེ་རི་ཁུག་ནས་སྤོས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་རི་བོ་ཆེ་རི་ཁུག་ནས་སྤོས་པ།
           མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་ཆ་སྙོམས་ས་བབ་སྨི་4200ཡི་སར་གནས་པ་དང་ཞིང་འབྲོག་མང་ཚོགས་ཚོ་རི་སྐེད་དུ་འཚོ་བ་སྐྱེལ་གྱི་ཡོད། ས་གནས་དེ་གའི་སྲིད་གཞུང་གིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་2016ལོའི་ཟླ་5པར་རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་ལྟག་སྒོ་གྲོང་ཚོར་གནས་སྤོས་བཀོད་སྒྲིག་ལས་གྲྭ་ལག་བསྟར་བྱེད་འགོ་བཙུགས་ཡོད། ལས་གྲྭ་དེ་དུས་ཐེངས་གཉིས་ལ་ཕྱེ་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་39ཡི་མི་149ཚང་མ་2016ལོའི་ལོ་མཇུག་ཏུ་དུས་ཐེངས་དང་པོའི་ལས་གྲྭར་སྤོས་ཟིན་པ་རེད། མིག་སྔར་ཞོར་གཏོགས་ལེ་ལག་སྒྲིག་བཀོད་ཕུད་དུས་ཐེངས་གཉིས་པའི་ལས་གྲྭ་ལེགས་གྲུབ་ཟིན་ཉེར་ཡོད་པས་སྔོན་རྩིས་ལྟར་ན་འདི་ལོའི་ཟླ་11པའི་ཟླ་མཇུག་ཏུ་མཇུག་འགྲིལ་རྒྱུ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་60ཡི་མི་342དེའི་ནང་སྤོ་རྒྱུ་རེད།
          སྲིད་གཞུང་གིས་སྤོས་ཟིན་པའི་མང་ཚོགས་ཚོར་འབྲེལ་ཡོད་རྩལ་ནུས་གསོ་སྦྱོང་བྱས་ཏེ་ཁོང་ཚོ་སྤོ་ཐུབ་པ་དང་། སེམས་གནས་ཐུབ་པ། ཕྱུག་པོ་ཆགས་པ་བཅས་བྱ་རྒྱུ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རི་བོ་ཆེ་གྲོང་རྡལ་གྱི་གནས་སྤོས་དམིགས་ཚད་སྔོན་རྩིས་ལྟར་ན་དུད་ཚང་190དང་མི་གྲངས་ཆིག་སྟོང་ཟིན་རྒྱུ་ཡིན་ཞིང་། འདི་ནི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་ལྟག་སྒོ་གྲོང་ཚོའི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།