འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཅིབ་ཀྱི་ཀྲུང་གོའི་གླེང་སྟེགས་སྐབས་དང་པོ་ཁེ་རོ་རུ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་6ཉིན་ཨེ་ཅིབ་ཀྱི་ཀྲུང་གོའི་གླེང་སྟེགས་སྐབས་དང་པོ་དེ་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོར་གཉེར་བ་དང་ཨེ་ཅིབ་ཏུ་འཚམས་འདྲི་གནང་བཞིན་ཡོད་པའི་ཀྲུང་གུང་མཛའ་གྲོགས་འཐུས་མི་ཚོགས་པའི་ཚོགས་གཙོ་ཝང་ཤིའུ་ཕུང་དང་། ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དཔོན་རིགས། ཨེ་ཅིབ་ཀྱི་ཙུང་ཐུང་ཟུར་པ་ཤེ་ལ་ཕུའུ། ཨེ་ཅིབ་སྲིད་གཞུང་གི་དཔོན་རིགས་བཅས་དང་དེ་བཞིན་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་པོའི་ཁེ་ལས་80ཙམ་གྱི་འཐུས་མི་སོགས་མི་བརྒྱ་ལྷག་ཙམ་གླེང་སྟེགས་ལ་ཞུགས་ཡོད་པ་རེད།
         སྐབས་འདིའི་གླེང་སྟེགས་ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཨེ་ཅིབ་ཀྱི་ཤེ་ལ་ཕུའུ་རྒྱུན་མཐུད་འཕེལ་རྒྱས་ཐེབས་རྩ་ཚོགས་པས་ཐུན་མོང་ཐོག་གཉེར་བ་ཞིག་ཡིན་པ་དང་དེའི་བརྗོད་དོན་གཙོ་བོ་ནི‘རྒྱུད་གཅིག་ལམ་གཅིག’དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་དུ་ལག་གདང་སྦྲེལ”ཞེས་པ་དེ་ཡིན་པ་དང་དེའི་དམིགས་ཡུལ་ནི་དམངས་ཁྲོད་ཀྱི་ཐབས་ལམ་བརྒྱུད་ཀྲུང་གོ་དང་ཨེ་ཅིབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཀྲུང་གོ་དང་ཨེ་ཅིབ་ཀྱི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་མ་གཏོང་རྒྱུ་དེ་རེད།
          ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚོང་དོན་ཚན་ཙན་ཧན་ཕིང་གིས་ཉེ་བའི་ལོ་གཉིས་རིང་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་ཀྱི་མཉམ་ལས་འཕེལ་རྒྱས་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་པ་དང་འདི་ལོ་ཚུན་དུ་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་རྣམ་གྲངས་ཆེ་གྲས་མང་དག་སྔ་རྗེས་སུ་དོན་འཁྱོལ་བྱུང་ཡོད། འབྱུང་འགྱུར་རྒྱལ་ཁབ་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་དངུལ་རྩའི་མཉམ་ལས་ཀྱི་གྲུབ་འབྲས་གང་ལེགས་སྤྱད་དེ་ཀྲུང་གོའི་མ་འཇོག་གི་མི་མངོན་པའི་ནུས་པ་མངོན་པར་བྱས་ཐོག་ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བ་ཨེ་ཅིབ་ཏུ་ཡུལ་སྐོར་དུ་བསྐྱོད་རྒྱུའི་ཡིད་དབང་འགུག་པ་དང་ཨེ་ཅིབ་ཀྱིས་ཀྲུང་གོར་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱ་ཤུགས་ཆེ་རུ་གཏོང་རྒྱུའི་སྐུལ་མ་གཏོང་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།