འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ལོན་ཏོན་གྱི་འཛམ་གླིང་ཡུལ་སྐོར་ཚོང་འདུས་འགོ་ཚུགས་པ། 

    ཀྲུང་གོས་གཞི་ཁྱོན་ཆེ་ཤོས་ཀྱི་འཐུས་མི་ཚོགས་པ་མངགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་6ཉིན། ལོན་ཏོན་ཨའེ་ཁེ་སེར་ཚོགས་འགྲེམས་ལྟེ་གནས་སུ་སྐབས་37པའི་འཛམ་གླིང་ཡུལ་སྐོར་ཚོང་འདུས་འགོ་ཚུགས་ཤིང་། ཀྲུང་གོས་སྔར་ནས་ད་བར་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་འཐུས་མི་ཚོགས་པ་འགྲེམས་ཚོགས་ནང་ཞུགས་རྒྱུར་མངགས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཁྱབ་གདལ་བཏང་བ་རེད།
         གོ་ལ་ཧྲིལ་པོའི་ཆེད་ལས་ཡུལ་སྐོར་གྱི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་པའི་འཛམ་གླིང་ཡུལ་སྐོར་ཚོང་འདུས་ནི་རྒྱལ་ཁབ་ཁག་གི་གཟུགས་བརྙན་དང་རྒྱལ་ཁབ་ཁག་གི་ཡུལ་སྐོར་སྤུས་རྟགས་ངོམ་པའི་ལས་སྟེགས་གལ་ཆེན་ཞིག་རེད། ཀྲུང་གོའི་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཞིང་ཆེན་རིམ་པའི་ཡུལ་སྐོར་སྲིད་འཛིན་དོ་དམ་སྡེ་ཚན་26དང་། ཡུལ་སྐོར་ལས་དོན་ཁང་20ལྷག་ཙམ། དེ་བཞིན་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་མཁའ་འགྲུལ་ཀུང་སི་སོགས་ཚན་པའི་འགན་འཁུར་མི་སྣ་120ལྷག་ཙམ་གྱི་སྣེ་ཁྲིད་དེ་སྐབས་འདིའི་ཚོང་འདུས་ལ་ཞུགས་པ་རེད།
         ལོན་ཏོན་དུ་བཅའ་སྡོད་ཀྲུང་གོའི་རྒྱལ་ཁབ་ཡུལ་སྐོར་ཅུས་དོན་གཅོད་ཁྲུའི་ཀྲུའུ་རེན་ཁོང་ལིན་གྱིས་སྤྱིའི་ཆ་ནས་བལྟས་ན་ཀྲུང་གོའི་མངའ་ཁོངས་ནང་དུ་ཡུལ་སྐོར་བྱེད་པ་དེ་འཕར་བའི་དུས་ཚོད་ཡག་ཤོས་སུ་སླེབས་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་ཡུལ་སྐོར་བས་ཀྲུང་གོར་དགའ་པོ་དང་ཤེས་རྟོགས་བྱེད་ཚད་ཀྱང་རིམ་གྱིས་མཐོ་རུ་འགྲོ་བཞིན་ཡོད་ཅེས་གསར་འགོད་པར་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།