འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་མ་འཇོག་བྱས་པའི་མོ་ཙམ་པི་ཁེའི་ཚོང་ལས་ཕྱོགས་བསྡུས་མ་ལག་གི་ལྟེ་
    བའི་རྣམ་གྲངས་ལས་གཉེར་ཚོད་ལྟ་བྱེད་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཨན་ཧུའེ་ཕྱི་ཕྱོགས་དཔལ་འབྱོར་ཀུང་སིས་མ་འཇོག་བྱས་པའི་མོ་ཙམ་པི་ཁེའི་མོ་ཕུ་ཐོའི་ཉོ་སྒྲུབ་རོལ་རྩེད་ལྟེ་གནས་གཤམ་འོག་གི་རྒྱལ་སྤྱིའི་མུ་སྦྲེལ་སྒོ་རྩིས་ཚོང་ཁང་ཚེས་5ཉིན་ལས་གཉེར་ཚོད་ལྟ་བྱེད་འགོ་ཚུགས་ཡོད། དེ་ནི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ས་གནས་སྲིད་གཞུང་དང་མཉམ་ལས་བྱས་ནས་གྲུབ་འབྲས་ཐོབ་པའི་རྣམ་གྲངས་གཞན་ཞིག་རེད།
         མོ་ཙམ་པི་ཁེ་མ་འཇོག་དང་ཕྱིར་གཏོང་སྐུལ་སྤེལ་ཅུས་ཀྱི་ཅུས་ཀྲང་ལོའུ་ལུན་སུའོ་·སང་པོས་གོང་ཚེས་ཉིན་གྱི་ལས་གཉེར་ཚོད་ལྟའི་རྟེན་འབྲེལ་མཛད་སྒོའི་ཐོག“ཚོང་ལས་ཕྱོགས་བསྡུས་མ་ལག་ནི་མོ་ཙམ་པི་ཁེ་སྲིད་གཞུང་གིས་ཀྲུང་གོའི་ཁེ་ལས་དང་མཉམ་ལས་བྱས་པའི་རྣམས་གྲངས་ཤིག་ཡིན་པ་དང་། ཀྲུང་གོ་དང་ས་གནས་ཀྱི་ཚོང་ཟོག་ཧ་ཅང་མང་པོ་དེ་གར་འཚོང་རྒྱུ་རེད། ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་སུ་མ་འཇོག་བྱ་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ལྷག་པར་དུ་སྒོ་རྩིས་ཚོང་ཁང་དེ་ལྟ་བུ་ཞིང་ཆེན་ལྟེ་གནས་ཀྱི་གྲོང་ཁྱེར་དུ་དེ་བས་མང་བ་འཛུགས་རྒྱུའི་རེ་བ་ཡོད་ཅེས”བརྗོད་པ་རེད།
         མོ་ཙམ་པི་ཁེ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་སུའུ་ཅན་དང་། ཨན་ཧུའེ་ཕྱི་ཕྱོགས་དཔལ་འབྱོར་ཀུང་སིའི་ཏུང་ཧྲི་ཀྲང་ཅང་ཆིང་ཏེ་དང་དེ་བཞིན་མོ་ཙམ་པི་ཁེ་ཕྱོགས་ཀྱི་དཔོན་རིགས་ཀྱང་གོང་ཚེས་ཉིན་གྱི་ལས་གཉེར་ཚོད་ལྟའི་རྟེན་འབྲེལ་མཛད་སྒོར་ཕེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།