འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ཚོགས་ཆུང་ཁག་བགོས་ཀྱིས་
    རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་སུམ་ཅུ་པའི་ཐོག ཚེས་3ཉིན་ཚོགས་ཆུང་ཁག་བགོས་ཀྱིས་རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་སྤྱི་ཚོགས་ཡོངས་དང་ལྷག་དོན་དུ་ས་གནས་སྲིད་གཞུང་གི་སྡེ་ཚན་གྱིས་རྩྭ་ཐང་ལ་ངོས་འཛིན་ཟབ་ཏུ་བཏང་ནས་རྩྭ་ཐང་སྲུང་སྐྱོང་བྱེད་པ་ནི་སྣོད་བཅུད་དང་ཁོར་ཡུག་སྲུང་སྐྱོང་བྱེད་པ་ཡིན་པས། སྔོན་ལ་སྲུང་སྐྱོང་བྱེད་པའི་འོག་ཏུ་གཟབ་ནན་སྒོས་ཐོན་སྐྱེད་དང་གསར་སྤེལ་བྱེད་དགོས་པ་མ་ཟད། རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་ཞེས་བཤད།
         ཨུ་ཡོན་ཨུ་རི་ཐུའུ་ཡིས་རྩྭ་ཐང་ལ་སྣོད་བཅུད་དང་ཐོན་སྐྱེད་ཀྱི་བྱེད་ནུས་གཉིས་འཛོམས་པ་དང་ཁོར་ཡུག་དང་ཐོན་ཁུངས་ཀྱི་ནུས་པ་གཉིས་འདུས་ཡོད། ད་ཆ་ཕལ་མོ་ཆེས་ཐོན་སྐྱེད་ཀྱི་བྱེད་ནུས་དང་ཐོན་ཁུངས་ཀྱི་ནུས་པ་མ་གཏོགས་མི་མཐོང་ཞིང་ལེན་རྒྱུ་ཁོ་ན་ལས་དེར་གཏོང་ཆ་གཏོང་འདོད་བྱེད་ཀྱི་མེད། དེར་བརྟེན་རྩྭ་ཐང་གི་ཐོག་མའི་སྣོད་བཅུད་ཁོར་ཡུག་ཞན་དུ་སོང་བ་དང་། ས་ཆ་ཁ་ཅིག་ལ་རྩྭ་ར་གང་བྱུང་སྦོལ་བ་དང་། ཁྲིམས་འགལ་དང་གཏན་འབེབས་ལས་འགལ་ནས་གཏེར་ཁ་སྔོག་པ། རྩྭ་ཐང་གང་བྱུང་དུ་བཟུང་ནས་བཟོ་གྲྭ་བརྒྱབ་སྟེ་འབྲོག་པའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་ཀྱི་སྣང་ཚུལ་བཀག་ཀྱང་ཁོག་ཐུབ་ཀྱི་མེད། སྤྱི་ཚོགས་ཡོངས་དང་ལྷག་པར་ས་གནས་སྲིད་གཞུང་སྡེ་ཚན་གྱི་རྩྭ་ཐང་གི་ངོས་འཛིན་ཟབ་ཏུ་བཏང་ནས་རྩྭ་ཐང་ནི་དང་ཐོག་སྣོད་བཅུད་དང་ཁོར་ཡུག་ཡིན་པས། རྩྭ་ཐང་སྲུང་སྐྱོང་བྱ་རྒྱུ་ནི་སྣོད་བཅུད་དང་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་ཡིན་སྟབས། སྔོན་ལ་སྲུང་སྐྱོང་བྱེད་པའི་འོག་ཏུ་གཟབ་ནན་གྱིས་ཐོན་སྐྱེད་དང་གསར་སྤེལ་བྱེད་དགོས་ཤིང་། རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བཤད།
          ཨུ་ཡོན་ལིའུ་ཀྲེན་ཝུའེ་ཡིས་རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་ཀའི་གནས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ་ནི་དངོས་ཡོད་དང་བདེན་པ་བདེན་ཐུབ་ཅིག་རེད། རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་མུ་མཐུད་ཇེ་ཞན་དུ་འགྲོ་རྒྱུ་རགས་ཙམ་བཀག་ཐུབ་པ་ནི་དངོས་གནས་ལས་སླ་པོ་ཞིག་མིན། རྩྭ་ཐང་ནི་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་སྐམ་སའི་སྣོད་བཅུད་མ་ལག་དང་ཆུ་འགོ་གསོ་སྐྱོང་ཁུལ་གལ་ཆེན་ཞིག་ཡིན་ལ། འབྲོག་ལས་འཕེལ་རྒྱས་འགྲོ་བའི་དངོས་པོའི་རྨང་གཞི་དང་འབྲོག་པའི་འཚོ་རྟེན་གྱི་གཞི་རྩའི་ཐོན་སྐྱེད་རྒྱུ་ཆའང་ཡིན། རྩྭ་ཐང་གི་སྣོད་བཅུད་ཀྱི་བྱ་དགའ་དང་ཁ་གསབ་སྲིད་ཇུས་ཀྱི་ཕུགས་ཕན་ལམ་སྲོལ་བཙུགས་ནས་རྩྭ་ཐང་གི་འབྲོག་ལས་གཞན་སྒྱུར་རིམ་སྤོར་མགྱོགས་མྱུར་ཡོང་བར་སྐུལ་མ་གཏོང་བ་དང་། ཕྱུགས་རྩྭ་བཀག་པ་དང་རྩྭ་ཕྱུགས་དོ་སྙོམས་ཡོང་བའི་གཞི་ཁྱོན་ལུགས་མཐུན་ངང་ལེགས་སྒྲིག་བྱེད་པ། རྩྭ་ཐང་འགན་གཙང་གི་གཉེར་སྐྱོང་ལམ་ལུགས་བརྟན་པོ་དང་འཐུས་ཚང་ཡོང་བ། རྩྭ་ཐང་གི་སྤྱོད་དབང་གཏན་འཁེལ་གྱི་འགན་གཙང་ཐོ་འགོད་བྱེད་པའི་ཚོད་ལྟ་བརྟན་པོའི་ངང་སྤེལ་བ། ཁྲིམས་བཞིན་རྩྭ་ཐང་གི་དབང་ཆའི་གཏོགས་ཁོངས་གསལ་བཟོ་བྱེད་པ་བཅས་ཀྱི་སྒོ་ནས་རྩྭ་ཐང་གི་འགན་གཙང་གི་ས་ཁུལ་དང་། རྒྱ་ཁྱོན། གན་རྒྱ། ལག་ཁྱེར་བཅས“ཐེམ་དུད་བཞིར་དོན་འཁྱོལ”བྱས་ནས་རྩྭ་ཐང་གི་ཐོན་སྐྱེད་བདག་གཉེར་དང་། སྲུང་སྐྱོང་། འཛུགས་སྐྲུན་གྱི་འགན་འཁྲི་དོན་ཐོག་འཁྱོལ་བ་བྱེད་དགོས་ཞེས་བཤད།
          ད་དུང་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་ཁག་གཅིག་གིས་རྩྭ་ཐང་གི་དོ་དམ་སྒྲིག་གཞི་དང་། རྩྭ་ཐང་སྲུང་སྐྱོང་ཁྲིམས་འཛིན་དཔུང་ཁག རྩྭ་ཐང་གི་དོ་དམ་ཐབས་ལམ། རྨང་གཞིའི་སྒྲིག་ཆས་སོགས་ཐད་ལྷག་པའི་ཞན་ཆ་དང་གནད་དོན་ལའང་གྲོས་འགོ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།