འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའུ་པེ་ཞང་དབྱང་གི“དམངས་ཁྲོད་སྒྲོག་འགྲེལ་པས”ཚོགས་ཆེན་བཅུ་དགུ་པའི་དགོངས་
    དོན་སྒྲོག་འགྲེལ་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “ས་ཆ་འགན་གཙང་གི་དམངས་འཚོའི་ལྟ་བ་དང་ཡུན་རིང་བརྟན་ལྷིང་ནམ་ཡང་འགྱུར་མི་རུང་། འགན་གཙང་གཉིས་པ་ཐིམ་རྗེས་མུ་མཐུད་ལོ་ངོ་སུམ་ཅུར་བསྲིང……”ཉིན་ཤས་གོང་། ཧུའུ་པེ་ཞང་དབྱང་ལའོ་ཧོ་ཁོའུ་གྲོང་ཁྱེར་ཞན་རེན་ཏུའུ་གྲོང་རྡལ་ཞན་ཧོ་སྡེ་ཁུལ་གྱི་རིག་གནས་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ཤིང་། ཕྱགས་མ་བཟུང་བའི་གཙང་སྦྲ་བ་དང་། བྱིས་པ་པང་ཏུ་བཏབ་པའི་བགྲེས་སོང་། ཕྲུ་གུའི་འཁོར་ལོ་འདེད་པའི་བུད་མེད་སོགས་ཞིང་པ་400ལྷག་གིས་ཐང་ཆེན་དུ“དམངས་ཁྲོད་སྒྲོག་འགྲེལ་པ”ཝང་ཡུན་ཧྥུའུ་ཡིས་ཚང་མར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་བྱེད་པར་བློ་རྩེ་གཅིག་སྒྲིམ་ངང་ཉན་བཞིན་ཡོད་པ་རེད།
           ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ཝང་ཡུན་ཧྥུའུ་ཡིས་ཚགས་པར་དང་བརྙན་འཕྲིན་ནས་སློབ་སྦྱོང་ནན་ཏན་བྱས་པ་དང་། གཙོ་གནད་ཐོག་མི་སེར་གྱིས་དོ་ཁུར་དང་དོ་སྣང་བྱེད་པའི“གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས”སོགས་ནང་དོན་ལ་གཞིགས་ཏེ་བརྗོད་བདེ་བའི་སྐད་ཆ་མང་པོ་བྲིས་ནས་མང་ཚོགས་ལ་སྒྲོག་འགྲེལ་བྱས་ཡོད། ཉེ་ཆར་ཞང་དབྱང་དུ་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་པ་བརྒྱ་དང་། དམངས་ཁྲོད་སྒྲོག་འགྲེལ་པ་བརྒྱ། སྤྱི་ཚོགས་ཚན་རིག་གི་ལས་དོན་པ་བརྒྱ། རིག་རྩལ་དྲིལ་བསྒྲགས་ཡན་ལག་རུ་ཁག་སྟོང་། དྲ་བའི་སྒྲོག་འགྲེལ་པ་ཁྲི་བཅས“ཚོགས་པ་ཆེ་གྲས་ཁག་ལྔ”སྐུལ་སློང་བྱས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།