འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བརྒྱད་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་དབུ་ཚུགས་
    མཛད་སྒོ་པེ་ཅིང་བོད་སྨན་ཁང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 18:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐབས་བརྒྱད་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་དབུ་ཚུགས་
མཛད་སྒོ་པེ་ཅིང་བོད་སྨན་ཁང་དུ་འཚོགས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་3ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་རིག་ཞིབ་འཇུག་གཞུང་ལས་ཁང་དང་། པེ་ཅིང་བོད་སྨན་ཁང་། བོད་ལུགས་གསོ་རིག་ཞིབ་འཇུག་སུའོ་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི"སྐབས་བརྒྱད་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་དབུ་ཚུགས་མཛད་སྒོ"པེ་ཅིང་བོད་སྨན་ཁང་དུ་འཚོགས་ལ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ལིའུ་ཡིང་ཧྭ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཧྭ་ཡན་ལུང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་རིག་ཞིབ་འཇུག་གཞུང་ལས་ཁང་གི་འགན་འཛིན་ལི་ཏེ་ཁྲེང་། བོད་ལུགས་གསོ་རིག་ཞིབ་འཇུག་སུའོ་ཡི་འགོ་འཛིན་གཞོན་པ་བསྟན་པ་དར་རྒྱས། མིང་དུ་གྲགས་པའི་བོད་ལུགས་གསོ་རིག་གི་མཁས་དབང་ཏིང་འཛིན། པེ་ཅིང་བོད་སྨན་ཁང་གི་ཏང་ཨུ་ཧྲུའུ་ཅི་ཝང་ཝེ་ཆང་། པེ་ཅིང་བོད་སྨན་ཁང་གི་འགོ་འཛིན་ཀྲུའུ་ཡཱ་ཁྲུན། པེ་ཅིང་བོད་སྨན་ཁང་གི་འགོ་འཛིན་གཞོན་པ་དང་བོད་ལུགས་གསོ་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་སྒྲོལ་དཀར་སྐྱབས་སོགས་ཟབ་སྦྱོང་འཛིན་གྲྭའི་དབུ་ཚུགས་མཛད་སྒོར་ཕེབས་ཡོད་པ་རེད། དབུ་ཚུགས་མཛད་སྒོ་ནི་པེ་ཅིང་བོད་སྨན་ཁང་གི་ཚན་རིག་ཞིབ་འཇུག་དང་སློབ་ཁྲིད་ཁྲུའུ་ཡི་འགན་འཛིན་ཇོ་སྐྱབས་ཚེ་རིང་གིས་གཙོ་སྐྱོང་གནང་བ་དང་། མཛད་སྒོ་ཐོག་འགོ་འཛིན་ཀྲུའུ་ཡ་ཁྲུན་དང་། མཁས་དབང་ཏིང་འཛིན་གཉིས་ཀྱིས་གཏམ་བཤད་གནང་། མཐའ་མར་སྤྱི་ཁྱབ་ལས་འཛིན་གཞོན་པ་ལིའུ་ཡིང་ཧྭ་ཡིས་གཏམ་བཤད་གལ་ཆེན་གནང་བ་རེད།
          ཐེངས་འདིའི་མཐོ་རིམ་ཟབ་སྦྱོང་འཛིན་གྲྭར་པེ་ཅིང་དང་། ནང་སོག་རང་སྐྱོང་ལྗོངས། བོད་རང་སྐྱོང་ལྗོངས། སི་ཁྲོན། ཀན་སུའུ། སི་ཁྲོན། མཚོ་སྔོན་བཅས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་གི་སྡེ་ཁག་70ལྷག་ནས་བོད་ལུགས་གསོ་རིག་ལས་གཉེར་གྱི་མི་སྣ་150ལྷག་ཞུགས་ཡོད་ལ། ཟབ་སྦྱོང་འཛིན་གྲྭ་ནི་ཟླ་11ཚེས་3ཉིན་ནས་ཚེས་8ཉིན་བར་འཚོག་རྒྱུ་ཡིན་པ་རེད། གཞན་ད་དུང་སློབ་མ་སྟོང་ཕྲག་ལྷག་རྒྱང་ཁྲིད་ཟབ་སྦྱོང་ལ་ཞུགས་ཡོད་པ་རེད། ས་གནས་ཁག་ནས་ཡོང་བའི་སློབ་མ་ཚོས་གཙོ་གཉེར་ཕྱོགས་དང་མཁས་དབང་ཏིང་འཛིན་ལགས་ལ་ཁ་བཏགས་ཕུལ་ནས་བཀའ་དྲིན་ཞུ་དོན་མཚོན་པ་རེད།
          རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་ཡིས་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་གྱི་བོད་ལུགས་གསོ་རིག་གི་རིག་གཞུང་སྤེལ་རེས་ལ་ཤུགས་སྣོན་དང་བོད་ཁུལ་གྱི་བོད་སྨན་ཁང་གི་ལས་གཉེར་མི་སྣ་ཚོའི་སྨན་དཔྱད་ལག་རྩལ་གྱི་ཡོན་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་བྱས་ཡོད་པས། རྒྱ་ཆེའི་གསོ་རིག་ལས་གཉེར་མི་སྣ་ཚོས་དགའ་བསུ་དང་བསྔགས་བརྗོད་ཆེན་པོ་བྱེད་བཞིན་ཡོད་པ་རེད།
    ༄༅།།སྐབས་བརྒྱད་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་དབུ་ཚུགས་
མཛད་སྒོ་པེ་ཅིང་བོད་སྨན་ཁང་དུ་འཚོགས་པ།
    ༄༅།།སྐབས་བརྒྱད་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭའི་དབུ་ཚུགས་
མཛད་སྒོ་པེ་ཅིང་བོད་སྨན་ཁང་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།