འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་སྤྱོད་བཟང་ཉམས་མཚར་ཡུལ་སྐོར་ཕོ་ཉ་བདུན་
    བདམས་ཐོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་སྤྱོད་བཟང་ཉམས་མཚར་ཡུལ་སྐོར་ཕོ་ཉ་བདུན་
བདམས་ཐོན་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་31ཉིན་གྱི་ཕྱི་དྲོ། 2017ལོའི་བོད་ལྗོངས་ཀྱི་ཡུལ་སྐོར་ཕོ་ཉ་དཔྱད་འདེམས་འགྲན་བསྡུར་ཆེན་པོ་སྐབས་དང་པོའི་རྟིང་རྩོད་འགྲན་བསྡུར་ལྷ་ས་གྲོང་ཁྱེར་དུ་བྱེད་འགོ་བརྩམས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་ཆེན་པོ་སྐབས་འདིས“ངས་བོད་ལྗོངས་ཀྱི་མགྲིན་ཚབ་པ་བྱེད”ཅེས་པ་འབོད་ཚིག་བྱས་ཏེ་སྐབས་དང་པོའི་བོད་ལྗོངས་ཀྱི་ཡུལ་སྐོར་ཕོ་ཉ་དཔྱད་འདེམས་བྱེད་རྒྱུ་རེད།
         བོད་ལྗོངས་ཀྱི་ཡུལ་སྐོར་དུས་དེབ་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཡའོ་ཧེང་གིས་ཐེངས་འདི་འགྲན་བསྡུར་ཆེན་པོར་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་དཔྱད་འདེམས་དང་། དེ་བཞིན་བོད་ལྗོངས་ཀྱི་ས་ཁུལ་(གྲོང་ཁྱེར་)བདུན་གྱི་གཟུགས་བརྙན་ཕོ་ཉ་དཔྱད་འདེམས་བྱེད་རྒྱུ་ཡིན་ཞིང་། ཁོང་ཚོས་བོད་ལྗོངས་ཀྱི་གཞོན་ནུ་གསར་པའི་གཟུགས་བརྙན་གསར་པའི་དཔེ་མཚོན་བྱས་ཏེ་བོད་ལྗོངས་ཀྱི་ཡུལ་སྐོར་གྱི་རྣམ་པ་མངོན་གསལ་དུ་མཚོན་པར་བྱེད་རྒྱུ་རེད་ཅེས་བསྟན་པ་རེད།
         འགྲན་ཞུགས་པ་སྐལ་བཟང་གཡང་འཛོམས་ཀྱིས“ཐེངས་འདིར་ངས་ནུས་རྩལ་སྟོན་པ་ནི་ཕྱི་ལྗོངས་གཙོ་སྐྱོང་ལྟ་བུའི་འཁྲབ་སྟོན་ཞིག་ཡིན་པ་དང་། མཚམས་སྦྱོར་བྱེད་རྒྱུ་ནི་ང་ཚོས་ཉིན་ལྟར་མཇལ་བའི་རྩེ་ཕོ་བྲང་དང་ནོར་བུ་གླིང་ཁ་ཡིན་ཞིང་། མི་རྣམས་ཚང་མར་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ནི་ང་ཚོའི་མཁྲིས་སུ་ཡོད་པ་ཤེས་སུ་འཇུག་དགོས་སྙམ་པ་དང་དུས་མཚུངས་སུ་བྱེད་སྒོ་འདིར་ཞུགས་པ་བརྒྱུད་མི་ཡོད་དོ་ཅོག་གིས་མཛེས་སྡུག་ལྡན་པའི་བོད་ལྗོངས་མཐོང་བར་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།
         འགྲན་རྩོད་དྲག་པོ་བྱས་མཐར་འགྲན་ཞུགས་པ་ཤེས་རབ་གྲགས་པ་དང་། སྐལ་བཟང་གཡང་འཛོམས། སྐལ་བཟང་དབང་མོ་གསུམ་སོ་སོར་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་ཐོབ་ཅིང་། དེ་དང་དུས་མཚུངས་སུ་རྒྱ་མཚོ་དོན་གྲུབ་དང་། འཛོམས་པ། བསོད་ནམས་སྒྲོལ་མ། པད་མ་སྐྱིད་འཛོམས། པད་མ་ལྷག་སྒྲོན། མིག་དམར། མིག་དམར་ཚེ་རིང་བཅས་སོ་སོར་ལྷ་ས་དང་། ཉིང་ཁྲི། ཆབ་མདོ། ལྷོ་ཁ། གཞིས་ཀ་རྩེ། མངའ་རིས། ནག་ཆུ་བཅས་ཀྱི་ཡུལ་སྐོར་ཕོ་ཉར་བདམས་ཐོན་བྱུང་བ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་ཡུལ་སྐོར་གཟུགས་བརྙན་ཕོ་ཉ་དཔྱད་འདེམས་བྱེད་རྒྱུའི་ཚད་གཞི་ཧ་ཅང་ནན་པོ་ཡིན་ཞིང་། མང་ཚོགས་ཀྱི་མཛེས་དཔྱད་ལྟ་ཚུལ་དང་མཐུན་དགོས་པ་མ་ཟད། བོད་ཆས་གྱོན་པའི་གཟུགས་བྱད་སྟོན་པ་དང་། ནུས་རྩལ་སྟོན་པ། ཕྱོགས་བསྡུས་བྱང་ཚད་སྟོན་པ། ཡུལ་སྐོར་ཤེས་བྱའི་དྲིས་ལན་ཧབ་འདེབས་བཅས་འགྲན་ཚན་བཞིའི་འགྲན་བསྡུར་བརྒྱུད་དགོས་པ་དང་། དེ་བཞིན་ཆེད་ལས་ཀྱི་དཔྱད་འདེམས་རེས་འཁོར་རེ་རེ་བཞིན་གྱི་གདམ་གསེས་བརྒྱུད་དགོས་པ་རེད།
    ༄༅།།བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་སྤྱོད་བཟང་ཉམས་མཚར་ཡུལ་སྐོར་ཕོ་ཉ་བདུན་
བདམས་ཐོན་བྱུང་བ།
    ༄༅།།བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་སྤྱོད་བཟང་ཉམས་མཚར་ཡུལ་སྐོར་ཕོ་ཉ་བདུན་
བདམས་ཐོན་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།