འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་གོའི་སློབ་འབྲིང་སློབ་སྤྱིའི་ཚོགས་ཆེན"ལན་ཀྲོའུ་རུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་02ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། སྐབས་ལྔ་པའི་ཀྲུང་གོའི་སློབ་འབྲིང་སློབ་སྤྱིའི་ཚོགས་ཆེན་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་འཚོགས་ཤིང་། ཚོགས་ཆེན་གྱིས“མཐོང་རྒྱ་ཆེར་གཏོང་དང་། ཁ་ཕྱོགས་གསལ་སྟོན། སྤེལ་རེས་རྒྱ་ཁྱབ། མཛའ་གྲོགས་ཟབ་གཏོང་། བསམ་གཞིག་ཆེར་གཏོང་། འགན་འཁྲི་མཐོར་གཏོང”བཅས་དམིགས་ཡུལ་དུ་བྱས་པ་དང་ཆབས་ཅིག“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཀྲུང་གོའི་སློབ་འབྲིང་སློབ་གསོའི་འཕེལ་རྒྱས་ལ་དམིགས་ཏེ་བརྟག་ཞིབ་གཏིང་ཟབ་བྱས་པ་རེད།
         ཚོགས་འདུའི་རིང་། སློབ་གསོ་པུའི་རྒྱལ་སྤྱིའི་སློབ་གསོ་ཞིབ་འཇུག་རྟེན་གཞིའི་ཀྲུའུ་རེན་དང་། ཧྲང་ཧའེ་དགེ་འོས་སློབ་ཆེན་རྒྱལ་སྤྱི་དང་ཞིབ་བསྡུར་སློབ་གསོའི་ཞིབ་འཇུག་ཁང་གི་ཡོན་ཀྲང་། ཀྲུང་གོ་སློབ་གསོ་རིག་ཚོགས་ཀྱི་ལས་འཛིན་བཅས་ཡིན་པའི་ཀྲང་མིན་ཞོན་དང་། ནུབ་བྱང་དགེ་འོས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་གི་སློབ་སྤྱི་ཀྲུང་གོ་སློབ་གསོ་རིག་ཚོགས་ཀྱི་ལས་འཛིན་ཅ་ཅིན་ཡོན། པེ་ཅིང་སློབ་ཆེན་ཕྱི་སྐད་སློབ་གླིང་གི་ཡོན་ཀྲང་ཉིང་ཆི་བཅས་སོ་སོས“TALISདང་ཧྲང་ཧའེ་དགེ་རྒན་གྱི་འགག་རྩའི་ནུས་པ་ཆེར་གཏོང”དང་། “ཞི་མཐུན་སྐྱེད་དངོས། འཕེལ་རྒྱས་མྱུར་པོ—‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོའི་རྒྱབ་ལྗོངས་འོག་སློབ་གྲྭ་འཕེལ་རྒྱས་ཀྱི་བསམ་གཞིག་དང་ལག་ལེན” “‘རྒྱུད་གཅིག་ལམ་གཅིག’གི་རིག་གནས་ལོ་རྒྱུས་དང་ད་ཡོད་གནས་བབ”བཅས་ཀྱི་གཙོ་དོན་སྙན་ཞུ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།