འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས"རལ་གྲི་འཕྱར་བའི་བྱ་སྤྱོད"སྤེལ་ཏེ་ལོ་གསུམ་
    ནང་སྒྲིག་གཞི་157ལ་ཆད་པ་བཅད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་02ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་31ཉིན། འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས“རལ་གྲི་འཕྱར་བའི་བྱ་སྤྱོད”སྤེལ་རིང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱས་པའི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་དམིགས་ནས་ཀྲུང་ཧྭ་མཉམ་འབྲེལ་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སི་དང་། ཧྭ་ཨན་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སི། ཨན་ཧྲེང་ཐན་ཕིང་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སི། པོ་ཧའེ་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སི། ཀོང་ཏ་ཡུང་མིང་སྲོག་རྟེན་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སི། གོ་ཧྭ་སྲོག་རྟེན་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སོགས་འགན་བཅོལ་ཀུང་སི་དྲུག་ལ་ཆད་པ་བཅད་དེ་ཁྱོན་བསྡོམས་དངུལ་ཆད་སྒོར་ཁྲི་121བཏང་བ་དང་མི་11ལ་ཆད་པ་བཅད་ནས་དངུལ་ཆད་སྒོར་ཁྲི་49བཏང་བ་རེད།
         2015ལོ་ནས་བཟུང་། འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ལོ་གསུམ་བསྟུད་མར་འགན་བཅོལ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱས་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བའི“རལ་གྲི་འཕྱར་བའི་བྱ་སྤྱོད”སྤེལ་ནས་ཆེད་དོན་ཞིབ་བཤེར་དང་གྱོད་གཞི་སོ་སོར་ཞིབ་བཤེར་ཟུང་འབྲེལ་བྱེད་པ་དང་ཞུ་གཏུག་ཐག་གཅོད་དང་སྒྲིག་འགལ་ཐག་གཅོད་མཉམ་སྒུལ་གྱི་ཐབས་ལ་བརྟེན་ནས་འཛད་སྤྱོད་པས་གླེང་མང་བ་དང་། སྤྱི་ཚོགས་གླེང་ཕྱོགས་ཀྱིས་དོ་སྣང་བྱེད་པའི་འགན་བཅོལ་ཀུང་སི། ཕྱིར་ཚོང་བྱ་ཐབས་དང་མངོན་གསལ་དོད་པའི་གནད་དོན་བཅས་ལ་དམིགས་ནས་གཙོ་གནད་ཐོག་ཞིབ་བཤེར་དང“བྱ་སྤྱོད་མྱུར་པོ་དང་། ཐག་གཅོད་ནན་པོ། ཁ་གསལ་བ”བཅས་མཐའ་འཁྱོངས་ཀྱིས་ཀུང་སིར་འགན་བཅོལ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱ་རྒྱུར་ལྟ་སྐུལ་དང་འགན་བཅོལ་ལས་རིགས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔའི་བར། རྒྱལ་ཡོངས་ཀྱིས་ཞིབ་བཤེར་ཚོགས་ཆུང་925མངགས་ནས་འགན་བཅོལ་གྱི་ཡན་ལག་སྒྲིག་གཞི་དང་དངུལ་ཁང་རིགས་དང་ལས་རིགས་གཅིག་ལྕོགས་དང་ལས་ཚབ་སྒྲིག་གཞི་923ལ་ཞིབ་བཤེར་བྱས་ནས་འགན་བཅོལ་སྒྲིག་གཞི་157ལ་ཆད་པ་བཅད་དེ་དངུལ་ཆད་སྒོར་ཁྲི་2540.7བཏང་བ་དང་མི་254ལ་ཆད་པ་བཅད་ནས་དངུལ་ཆད་སྒོར་ཁྲི་827.65བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།