འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།"ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག"གི་དྲ་ཐོག་ཁྱབ་ཁོངས་ཀྱི་འཛད་རྫས་རྫུས་མར་རྡུང་
    རྡེག་གཏོང་བའི་གཅིག་སྡུད་བྱ་སྤྱོད་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་02ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་སྤུས་བཤེར་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་25ནས་ཟླ་11ཚེས་15ཉིན་བར། སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཡོངས་སུ“ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག”གི་དྲ་ཐོག་ཁྱབ་ཁོངས་ཀྱི་འཛད་རྫས་རྫུས་མར་རྡུང་རྡེག་གཏོང་བའི་གཅིག་སྡུད་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། སྤུས་བཤེར་སྡེ་ཚན་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་དྲ་ཐོག་འཛད་རྫས་ཀྱི་སྤུས་ཚད་ཁྲིམས་འགལ་གྱོད་གཞིའི་ཁུངས་སྣེ་མཐིལ་རྟོགས་དང་གྲལ་བཤེར་བྱེད་པ་དང་ཡུལ་བབ་དང་བསྟུན་ནས་ས་ཁུལ་དེས་ཐོན་སྐྱེད་བྱས་པའི་གྱོན་གོས་ལྷམ་ཞྭ་དང་ཁྱིམ་སྤྱོད་གློག་ཆས་སོགས་འཛད་རྫས་གཙོ་བོ་རིགས་10དྲ་ཐོག་ཟོག་ཉོའི་ལས་སྟེགས་ཐོག་ཉོ་ཚོང་བྱེད་པའི་ཆ་འཕྲིན་འཚོལ་ཞིབ་ལས་དོན་སྤེལ་ནས་དམར་རྗེན་དུ་འདོན་ཤུགས་ཆེ་རུ་གཏོང་བ་དང་མངོན་ཞིབ་ལྐོག་འདྲིའི་བྱེད་སྒོ་སྤེལ་བ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གྱོད་གཞིའི་ཁུངས་སྣེ་རྙེད་པ་བྱ་རྒྱུ་རེད་ལ་དྲ་ཐོག་ཚོང་དོན་གྱི་ཐོན་རྫས་རྫུས་མར་རྡུང་རྡེག་གཏོང་བའི་དབང་སྲུང་མཉམ་ལས་དྲ་བའི་ནུས་པ་སྔར་བས་འདོན་སྤེལ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།