འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་ལ་མི་འབོར་གྱི་ཁེ་བཟང་ཐེངས་གཉིས་པ་ཐོབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་02ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་30ཉིན། པེ་ཅིང་དུ་ཀྲུང་གོའི་མི་འབོར་སློབ་ཚོགས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་ཁབ་འཆར་བཙའ་ཨུ་ལྷན། ཀྲུང་གོའི་མི་འབོར་དང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས། པེ་ཅིང་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན་སོགས་ཚན་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་མི་འབོར་འཕེལ་རྒྱས་ཀྱི་འཐབ་ཇུས་ཞིབ་འཇུག་དང་། དུས་རབས་གསར་པའི་མི་འབོར་གྱི་ཁེ་བཟང་། འབྱུང་འགྱུར་གྱི་འཆར་ལྡན་བུ་བཙའི་འཕེལ་ཕྱོགས་སོགས་ཀྱི་ནང་དོན་ལ་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།
         རིགས་གཅིག་མཁས་ཅན་གྱིས་དབྱེ་ཞིབ་བྱས་པ་ལྟར་ན། རང་རྒྱལ་ལ་མི་འབོར་གྱི་ཁེ་བཟང་ཐེངས་གཉིས་པ་ཐོབ་རྒྱུ་ཡིན་པ་རེད། 2015ལོའི་མི་འབོར་ཡོངས་བཤེར་ཆུང་གྲས་ལས་མངོན་པ་ལྟར་ན། རང་རྒྱལ་དུ་ཆེད་སྦྱོང་ཡན་གྱི་སློབ་ཆེན་སློབ་མ་དུང་ཕྱུར་1.7ཟིན་པ་དང་། མི་ཁྲི་10རེར་སློབ་ཆེན་སློབ་མ་མི་གྲངས་ཁྲི་1.2ལས་བརྒལ་བ། ངལ་རྩོལ་ལོ་ཚད་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་མཐོ་རིམ་སློབ་འབྲིང་གི་ཆུ་ཚད་དུ་སླེབས་པ། གསར་འཕར་ངལ་རྩོལ་པའི་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་སློབ་ཆེན་ལོ་རིམ་དང་པོའི་ཚད་གཞིར་སླེབས་ཡོད། སློབ་གསོ་འཕེལ་རྒྱས་དང་མི་ཤུགས་ཀྱི་མ་རྩ་གོང་འཕེལ་བྱུང་ཁར་བེད་སྤྱོད་གང་ལེགས་ཐུབ་ནས་འབྲེལ་ཡོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། སྲིད་ཇུས་ཀྱི་ཁོར་ཡུག་ལ་བློ་ཡིད་ཚིམས་ཤིང་། མི་འབོར་གྱི་ཁེ་བཟང་ཐེངས་གཉིས་པ་མངོན་རྒྱུ་དང་དེའི་སྒུལ་ཤུགས་སྔར་བས་ཡུན་རིང་བ་དང་སྔར་བས་སྟོབས་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།